ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷོ་ཤི་ལཱེ་གི་དམར་ཤོག་ཚོགས་པའི་ལས་གནས་གལ་ཆེ་ཁག་ནས་གནས་དབྱུངས་བཏང་བ།


དེ་སྔ་སྐབས་ཤིག་གི་རིང་རྒྱ་ནག་གི་ནང་དབང་ཐང་ཧ་ཅང་ཆེ་བའི་མི་ཞིག་ལ་ངོས་འཛིན་བྱས་ཡོད་པ་ བྷོ་ཤི་ལཱེ་ ཁ་སྔོན་སྤྱི་ཟླ་གསུམ་པའི་ཟླ་དཀྱིལ་ལ་དྲུང་ཅིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་ལས་་གནས་ནས་གནས་དབྱུངས་བཏང་བའི་རྗེས་སུ་ ད་ཆ་ཁོང་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་རྒྱུན་ལས་ཁང་དང་ དབུས་ཆབ་སྲིད་ལྷན་ཁང་ནས་ཀྱང་ཕྱིར་འབུད་བྱས་པའི་སྐོར་གནས་ཚུལ་ཐོན་ཡོད་པ་དང་ གནས་ཚུལ་འདི་ནི་ ཕྱི་ནང་གི་མི་ཚོས་དོ་སྣང་ཧ་ཅང་ཆེན་པོ་བྱེད་གཞིའི་གནས་ཚུལ་ཅིག་ཡིན་ཞིང་ འདིའི་སྐོར་དཔལ་མོ་མཁས་གྲུབ་ཀྱིས་ཉམ་ཞིབས་མི་སྣར་གནས་འདྲི་ཞུས་པའི་གནས་ཚུལ་ཅིག་གསན་རོགས་གནང་།

XS
SM
MD
LG