ངོ་འཕྲད་བདེ་བའི་དྲ་འབྲེལ།

པ་ཀི་སི་ཐན་ལ་གཏོར་རྒོལ།


པ་ཀི་སི་ཐན་ལ་གཏོར་རྒོལ།

པ་ཀི་སི་ཐན་གྱི་ས་གནས་སྲུང་སྐྱོབ་ལས་བྱེད་པའི་སྦྱོང་བརྡར་ལས་ཁང་ཞིག་ལ་འབར་རྫས་ཀྱིས་གཏོར་རྒོལ་བྱས་ཏེ། ཉུང་མཐའ་ཡང་མི་༨༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་འདུག་པ་དང་། །པ་ཀི་སི་ཐན་གྱི་ཏ་ལི་བྷན་ཤོག་ཁག་གི་འགོ་ཁྲིད་ཚོས་ཐེངས་འདིའི་གཏོར་རྒོལ་ཨོ་ས་མ་བྷིན་ལ་ཌན་བསད་པར་དགྲ་ཤ་བླངས་པ་ཞིག་ཡིན་ཞེས་བཤད་ཡོད་ཅིང་། ཟླ་བ་འདིའི་སྟོད་དེར་ཨ་མི་རི་ཀའི་འཕྲལ་སྒྲུབ་དམིགས་དམག་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་ཨོ་ས་མ་བྷིན་ལ་ཌན་བསད་པ་དང་། ད་ཐེངས་ཀྱི་གཏོར་རྒོལ་དེ་བྷི་ལ་ཌན་ཤི་བའི་རྗེས་སུ་པ་ཀི་སི་ཐན་ལ་བྱུང་བའི་དྲག་པོའི་གཏོར་རྒོལ་ཚབས་ཆེ་ཤོས་ཤིག་ཡིན་པའི་སྐོར། བསོད་ནམས་གཡང་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG