ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ལ་ད་དུང་ཡང་ཐོངས་མཆན་ཕུལ་མེད་པའི་ཐད་སྐྱོན་བརྗོད།


༧གོང་ས་མཆོག་ལ་ད་དུང་ཡང་ཐོངས་མཆན་ཕུལ་མེད་པའི་ཐད་སྐྱོན་བརྗོད།

ལྷོ་ཨཕ་རི་ཁའི་གཞུང་གིས་ད་དུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཕེབས་འཐུས་ཆོག་པའི་ཐོག་ཐོངས་མཆན་མ་ཕུལ་བར་བཞག་པའི་ཐོག གང་ཉིད་ཡུལ་དེར་གདན་ཞུའི་མགྲོན་བདག་ཆོས་དཔོན་འགྲེསེ་མནཌ་ཀྲུ་ཀྲུ་ཡིས་སྐྱོན་བརྗོད་དང་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་ཕྱོག་མཚུངས་འདི་ག་རླུང་འཕྲིན་ཁང་ནས་ལྷོ་ཨཕ་རི་ཁ་ནང་བཅའ་ཞུགས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་བསོད་ནམ་བསྟན་འཛིན་ལགས་ལ་༧གོང་ས་མཆོག་ཡུལ་དེར་ཆིབས་བསྒྱུར་གནང་ཕྱོགས་ཀྱི་གནས་སྟངས་ཇི་ཆགས་ཀྱིས་ཐད་གནས་འདྲི་ཞུས་པའི་ལན་དུ་ཁོང་གིས་ད་བར་བོད་མིའི་ངོས་ནས་བྱེད་དགོས་པ་ཆ་ཚང་བྱས་ཚར་བའི་ཆ་ནས་གང་མགྱོགས་གྲུབ་འབྲས་སོན་པའི་རེ་འགུག་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

XS
SM
MD
LG