ངོ་འཕྲད་བདེ་བའི་དྲ་འབྲེལ།

སྐད་གཉིས་སློབ་ཁྲིད་ཀྱི་དགེ་མཚན་དང་ལག་ལེན།


སྐད་གཉིས་སློབ་ཁྲིད་ཀྱི་དགེ་མཚན་དང་ལག་ལེན།

བརྙན་འཕྲིན་གཟིགས་ན། (Real Player)

བརྙན་འཕྲིན་གཟིགས་ན། (Windows Media)

སྐད་གཉིས་སློབ་གསོའི་ལམ་ལུགས་ཀྱི་དགེ་མཚན་དང་བོད་མི་རིགས་ཀྱི་མ་སྐད་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་སོགས་ཀྱི་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན། བགྲོ་གླེང་ལས་རིམ་ནང་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ང་ཚོའི་རྒྱང་སྲིང་ཁང་ནང་དུ་དེ་སྔ་ཨམ་མདོ་ཆབ་ཆའི་ནང་ལ་དགེ་རྒན་དང་སློབ་གསོའི་ལས་ཁུངས་ནང་གཞི་རིམ་སློབ་གྲ་ཁག་གི་འཛིན་སྐྱོང་ཐད་ཕྱག་ལས་གནང་མྱོང་ཡོད་པ་གདུགས་དཀར་འབུམ་ལགས་གདན་འདྲེན་ཞུས་ཡོད། དེ་བཞིན་དུ་ཨ་རིའི་ཁེ་ལི་ཧྥོ་ནི་ཡ་མངའ་སྡེའི་སློབ་གྲ་ཆེན་མོའི་སློབ་གསོའི་རིག་པའི་ཐད་ཀྱི་དགེ་རྒན་ཆེན་མོ་བ་ངག་དབང་ཕུན་ཚོགས་ལགས་གདན་འདྲེན་ཞུས་ཡོད།


ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ཐུབ་པ་ མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།།པདྨ་ཚལ་ལུགས་ཀྱི་བོད་ཡིག་གི་འབྲི་ སྲོལ་གསར་པ།

XS
SM
MD
LG