ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

༧གོང་ས་མཆོག་ནུབ་བྷང་ག་ལར་ཆིབས་སྒྱུར་གནང་བར་རྒྱ་ནག་གིས་སྐྱོན་བརྗོད།


རྒྱ་གར་གྱི་ནུབ་བྷང་ག་ལ་མངའ་སྡེའི་རྒྱལ་ས་ཀ་ལི་ཀ་ཏ་གྲོང་ཁྱེར་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གནང་སྟེ། མངའ་སྡེའི་སྤྱི་ཁྱབ་པས་༧གོང་ས་མཆོག་ལ་མཇལ་འཕྲད་དང་མཛད་སྒོ་ཞིག་ལ་མཉམ་ཞུགས་བྱས་ཀྱང་། ཀ་ལི་ཀ་ཏ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་སྐུ་ཚབ་དོན་གཅོད་ཁག་གིས་ནུབ་བྷ་ག་ལ་མངའ་སྡེའི་གཞུང་གི་འགོ་ཁྲིད་ཚོས་༧གོང་ས་མཆོག་ལ་མཇལ་འཕྲད་མི་གནང་བ་དང་། ཁོང་ཚོ་མཛད་སྒོ་དེར་མཉམ་ཞུགས་ཀྱང་བྱེད་མི་ཆོག་ཅེས་ངོ་རྒོལ་བྱས་ཡོད་པའི་སྐོར། རྒྱ་གར་གྱི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་བསོད་ནམས་གཡང་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG