ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༢/༠༨

སྦིལ་འཇེམ་དུ་གནས་འཁོད་བོད་མི་ཚོས་༧གོང་ས་མཆོག་ཕེབས་བསུའི་གྲ་སྒྲིག་ཞུ་བཞིན་པ།


བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེང་སང་ཡུ་རོབ་ནང་ཉིན་གྲངས་བཅོ་ལྔའི་རིང་ཆོས་ཕྱགོས་གཙོ་བོར་གྱུར་པའི་མཛད་འཆར་ཇེ་མང་སྐྱོང་བཞིན་ཡོད་པ་ལྟར་ འདི་ཟླའི་ཚེས་༢༣་ཉིན་སྦེལ་འཇེམ་དུ་ཆིབས་བསྒྱུར་བཀྲིན་བསྐྱངས་ཏེ་ཕྱི་ཚེས་༢༤འི་ཉིན་གང་བོད་མིར་མཇལ་ཁ་བཀའ་སློབ་དང་ ཡོན་ཏན་གླིང་ཆོས་དགོན་པ་གསར་པའི་དབུ་འབྱེད་རབ་གནས་དང་ མང་ཚོགས་ལ་བཀའ་སློབ་གསུང་བཤད་སོགས་བསྐྱང་རྒྱུ་ཡིན་པར་ཡུ་རོབ་ཀྱི་ནང་བོད་མི་གནས་སྡོད་བྱ་ཡུལ་ཆེ་ཤོས་གཉིས་པ་ཡིན་པ་སྦེལ་འཇེམ་དུ་གནས་འཁོད་བོད་མི་ཚོས་ཆིབས་བསྒྱུར་གྲ་སྒྲིག་ཞུ་སྟངས་སོགས་ཀྱི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྦེལ་འཇེམ་བོད་རིགས་ཚགོས་པའི་ཚོགས་གཙོ་ཛ་ཡུས་སྐལ་བཟང་ལགས་ལ་གནས་འདྲི་ཞུས་པ་དེ་གསན་རོགས་གནང།

XS
SM
MD
LG