ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གཞུང་གིས་ " ཞི་དུལ་" གྱི་ཁྲིམས་ལག་ལེན་བསྟར་དགོས་པའི་ནན་བརྗོད།


ཕྱི་ལོ་༢༠༡༢་ལོར་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོ་འཕོ་འགྱུར་འགྲོ་རྒྱུ་ཡིན་རུང་། ད་ལྟ་རྒྱ་ནག་རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་ཞིང་ལས་པ་དང་མི་མང་དབུལ་ཕོངས་ཀྱིས་གུང་ཁྲན་ཏང་གི་འགོ་ཁྲིད་ཚོར་ངོ་རྒོལ་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པས་སྔར་བཞིན་སྲིད་དབང་འཛིན་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པ་དང་། དཔེར་ན་ཉེ་ཆར་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན། ཝུ་ཁན་གྲོང་གསེབ་ཀྱི་མི་མང་གིས་ས་གནས་དེའི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་ངོ་རྒོལ་བྱས་པ་དང་། ཡང་ཉི་མ་གཉིས་ཀྱི་གོང་དེར་ཀོང་ཏུང་ཞིང་ཆེན་གྱི་གྲོང་རྡལ་ཞིག་གི་མི་མང་གིས་རྡོ་སོལ་གྱི་གློག་ཁང་ཞིག་རྒྱ་སྐྱེད་གཏོང་འཆར་ཡོད་པ་བཀག་འགོག་བྱས་ཏེ། ཁོང་ཚོས་རྡོ་སོལ་གྱི་གློག་ཁང་དེས་མི་མང་གི་བདེ་ཐང་ལ་གནོད་པའི་དུད་རླངས་བར་སྣང་ཁམས་སུ་གཏོང་གི་འདུག་ཅེས་ངོ་རྒོལ་བྱས་ཏེ། ཀོང་ཏུང་ཞིང་ཆེན་གྱི་གྲོང་རྡལ་དེའི་མི་མང་དང་རྒྱ་གཞུང་གི་ཉེན་རྟོག་པ་ཚོ་འཁྲུག་རྩོད་ཐུག་ཡོད་པ་རེད།

XS
SM
MD
LG