ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༩༢ལོར་གྲོས་འཆམ་བྱུང་བ་ངོས་ལེན་མ་བྱས་བར་དུ་གྲོས་མོལ་བྱ་རྒྱུ་མིན་ལུགས་རྒྱ་གཞུང་གིས་རྡིག་བསྐུལ།


རྒྱ་ནག་གཞུང་གིས་ ཐེ་ཝན་གྱི་སྲིད་གཞུང་གསར་པར་ ཕྱི་ལོ་༡༩༩༢ལོའི་གྲོས་འཆམ་ལ་བརྩི་སྲུང་བྱ་རྒྱུའི་ཁས་ལེན་བྱེད་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ གལ་ཏེ་དེ་ལ་བརྩི་སྲུང་བྱ་རྒྱུའི་ཁས་ལེན་མ་བྱས་ན་ རྒྱུན་ལྡན་གྲོས་མོལ་བྱེད་སྒོ་ཁག་མཚམས་འཇོག་བྱེད་ཀྱི་ཡིན་ཞེས་རྡིག་བསྐུལ་བྱས་ཡོད་ཅིང་ དེ་ཡང་ ཐེ་ཝན་གྱི་སྲིད་འཛིན་གསར་པ་ལྕམ་ཚཱ་ཡི་ཨིང་ཝེན་གྱིས་ རེས་གཟའ་པ་སངས་ཉིན་ སྲིད་འཛིན་གྱི་མཛད་འཁུར་དམ་བཅའ་དངོས་སུ་བཞེས་བའི་རྗེས་ རེས་གཟའ་སྤེན་པའི་ཉིན་ རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་མཱ་ ཤཱའོ་གྷོང་གིས་གཏམ་བཤད་བྱས་ཏེ་ རྒྱ་ནག་གཅིག་གི་རྩ་དོན་ངོས་འཛིན་བྱེད་པའི་༡༩༩༢ལོའི་གྲོས་འཆམ་ལ་ ཐེ་ཝན་གྱི་གཞུང་གསར་པས་བརྩི་སྲུང་བྱ་རྒྱུའི་ཁས་ལེན་བྱས་པ་ཁོ་ནའི་བརྒྱུད་ནས་མ་གཏོགས་ མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་ཡོད་ལས་དོན་ལྷན་ཁང་གི་འགོ་ཁྲིད་མི་སྣའི་རྒྱུན་ལྡན་གྱི་འབྲེལ་མོལ་རྒྱུན་མཐུད་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད་པ་རེད།

XS
SM
MD
LG