ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ན་གིས་ལྷ་ས་ནས་གཞིས་རྩེ་བར་མེ་འཁོར་ལྕགས་ལམ་རྒྱ་བསྐྱེད་གཏོང་གཏན་ཡིན་པ།


རྒྱ་ནག་གི་ཆེས་མཐོའི་ལས་ཁང་ཁག་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གཙང་གཞིས་ཀ་རྩེ་གྲོང་ཁྱེར་བར་མཐུད་རྒྱུའི་མེ་འཁོར་ལྕགས་ལམ་རྒྱ་བསྐྱེད་གཏོང་རྒྱུའི་ཐོག་མོས་མཐུན་བྱས་ཏེ་ཆོག་འཆན་གཙང་མ་སྤྲད་ཡོད་པ་མ་ཟད་ ད་ཆ་བོད་རང་སྐྱོང་ལྗོངས་ཟེར་བའི་འཛུགས་བསྐྲུན་འཕེལ་རྒྱས་དང་བཅོས་འགྱུར་ལས་དོན་ཁང་གིས་དེའི་ཐད་སྔོན་འགྲོའི་ལས་དོན་ཁག་སྤེལ་ཏེ་ ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་མེ་འཁོར་རི་ལིའི་ལྕགས་ལམ་མཐུད་ཐུབ་པའི་ལས་དོན་གང་མགྱོགས་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། ཡང་རྒྱ་ནག་གིས་ལས་དོན་དེ་ནི་ཁུལ་དེར་འཛུགས་བསྐྲུན་འཕེལ་རྒྱས་ཀྱི་ཆེད་དུ་ཡིན་ཞེས་བརྗོད་ཀྱི་ཡོད་ཀྱང་ རྒྱ་ནག་གིས་བོད་ནང་མེ་འཁོར་རི་ལི་སླེབས་ཐུབ་པ་བཟོས་པ་དེས་བོད་མིའི་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་རྐྱེན་འདྲ་མིན་ཞིག་ཐེབས་ཀྱི་ཡོད་མུས་ཐོག ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གིས་རང་གི་བདེ་འཇགས་དང་ ཆབ་སྲིད་ཀྱི་ཐོག་ཤུགས་རྐྱེན་ངན་པ་ཡོང་གཞིར་ངོས་འཛིན་གྱིས་བློ་འཚབ་བྱེད་ཀྱི་ཡོད་པའི་ཐོག་ བལ་ཡུལ་གྱིས་རྒྱ་དཀར་ནག་གཉིས་ཀྱི་ཚོང་འབྲེལ་ལ་བརྔམས་ཏེ་ རྒྱ་ནག་ནས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་གྲུ་བར་མེ་འཁོར་གསར་འཛུགས་ཡོང་བའི་སྐུལ་མ་ཡང་ཞུས་དང་བྱས་དང་བྱེད་ཞུ་བཞིན་ཡོད་པ་རེད།

XS
SM
MD
LG