ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གཞུང་དང་ཨེ་ཝེ་ཝེའི་དངུལ་སྒོར་ཉེས་ཆད།


རྒྱ་ནག་གཞུང་དང་ཨེ་ཝེ་ཝེའི་དངུལ་སྒོར་ཉེས་ཆད།
རྒྱ་ནག་གཞུང་དང་ཨེ་ཝེ་ཝེའི་དངུལ་སྒོར་ཉེས་ཆད།

རྒྱ་ནག་གཞུང་གིས་ཨེ་ཝེ་ཝེ་ལ་དཔྱ་ཁྲལ་མ་བརྒྱབ་པའི་ནག་ཉེས་བཙུགས་ནས་ཨ་སྒོར་ས་ཡ་༢་དང་ཕྱེད་ཀ་སྟེ། མི་དམངས་ཤོག་སྒོར་ས་ཡ་བཅོ་ལྔ་ཉེས་ཆད་བཅད་ཡོད་པ་དང་། ད་ལྟ་རྒྱ་ནག་མི་མང་གིས་ཨེ་ཝེ་ཝེ་ལ་ཨ་སྒོར་ས་ཡ་༡་དང་འབུམ་༤་ཡས་མས་ཤིག་ཞལ་འདེབས་སྤྲད་ནས་རོགས་དངུལ་འདུ་འགོད་བྱས་ཐུབ་ཡོད་ཀྱང་། ད་དུང་ཡང་ཨ་སྒོར་ས་ཡ་གཅིག་ལྷག་འདུ་འགོད་བྱེད་དགོས་པ་དེར་ཡོང་ཁུངས་མེད་པ་དང་། དེར་བརྟེན་རྒྱ་ནག་གི་སྤྱི་ཚོགས་སུ་ཨེ་ཝེ་ཝེ་ལ་དཔྱ་ཁྲལ་མ་བརྒྱབ་པར་དཔལ་འབྱོར་ཁྲིམས་འགལ་གྱི་ནག་ཉེས་བཙུགས་ཏེ། ཁོང་ལ་ཨ་སྒོར་ས་ཡ་༢་དང་འབུམ་༤་ཉེས་ཆད་བཅད་པ་དྲང་སྙོམས་ཤིག་ཡིན་མིན་དང་། ཨེ་ཝེ་ཝེ་ལ་གཞུང་གིས་ཉེས་ཆད་བཅད་པའི་དངུལ་སྒོར་དེ་རྣམས་སྤྲོད་ཐུབ་རྒྱུ་ཡོད་མེད། ཁོང་ལ་དངུལ་སྒོར་དེ་རྣམས་སྤྲོད་རྒྱུ་ཡོད་ཀྱང་ཁོང་ཨེ་ཝེ་ཝེས་ཉེས་ཆད་ཀྱི་དངུལ་སྒོར་དེ་རྣམས་སྤྲོད་རྒྱུ་ཡིན་མིན་དང་། ཨེ་ཝེ་ཝེས་ཉེས་ཆད་ཀྱི་དངུལ་སྒོར་དེ་དག་སྤྲོད་དགོས་སམ་ཞེས་གླེང་སློང་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG