ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨོ་སི་ཀྲོ་ལི་ཡའི་བོད་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་བདུན་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨོ་སི་ཀྲོ་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་འདི་ཟླའི་ཚེས་༡༦་ནས་ཚེས་༡༨་བར་དུ་ཉིན་གསུམ་གྱི་རིང་དུ་སི་ཌི་ཎི་གྲོང་ཁྱེར་ལ་ཚོགས་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཏུ་ཨོ་སི་ཀྲོ་ལིའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་མཐུན་ཚོགས་ཁག་གི་གནས་སྟངས་དང་མ་འོངས་པའི་མདུན་ལམ། ཚོགས་པའི་ལས་འཆར་སྤེལ་ཕྱོགས་བཅས་ལ་གྲོས་བསྡུར་ལྷུག་པོ་བྱས་ནས་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་མ་ཟད། སྐབས་དེར་ཨོ་སི་ཀྲོ་ལི་ཡར་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་ལྷག་པ་ལགས་ཀྱིས་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ནུས་ཤུགས་མཉམ་སྤུངས་བྱས་ནས་གྲོས་ཆོད་ཁག་གྲུབ་འབྲས་ཐོན་ཐབས་བྱ་དགོས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།།

XS
SM
MD
LG