ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་ཨོ་སེ་ཊི་རེ་ལི་ཡའི་བཙོན་པ་བརྗེ་ལེན།


རྒྱ་ནག་གཞུང་གིས་ཨོ་སེ་ཊི་རེ་ལི་ཡའི་གཏེར་ཁ་སྔོག་འདོན་བཟོ་ཚོང་ཁང་ཞིག་གི་འགན་འཛིན་སི་ཊེན་ཧུ་སོ་མྱུལ་ཡིན་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་ཁྲིམས་འགལ་གྱི་ཐོག་ནས་ལྐོག་རྔན་སྤྲད་པའི་ནག་ཉེས་བཙུགས་ཏེ། སི་ཀྲན་ཧུ་ལ་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ལོ་བཅུའི་རིང་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་། ཉེ་ཆར་རྒྱ་ནག་གཞུང་གིས་ཨོ་སེ་ཊི་རེ་ལི་ཡ་དང་བཙོན་པ་བརྗེ་ལེན་བྱེད་རྒྱུའི་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་པ་ནས་བཟུང་། ཨོ་སེ་ཊི་རེ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་གིས་ཀྱང་སྲིད་བློན་འཇུ་ལི་ཡ་གྷི་ལར་ཌིའི་གཞུང་ལ་བཙོན་པ་བརྗེ་ལེན་གྱི་ཆིངས་ཡིག་དེར་མྱུར་དུ་མིང་རྟགས་འགོད་དགོས་པ་མ་ཟད། ཁོང་ཚོས་བཙོན་པ་བརྗེ་ལེན་གྱི་ཆིངས་ཡིག་གི་ཟིན་བྲིས་འཕྲལ་དུ་རྒྱལ་ཡོངས་གྲོས་ཚོགས་ལ་འབུལ་ལམ་ཞུས་ནས་ཆོག་མཆན་འགོད་དུ་འཇུག་དགོས་ཞེས་ནན་བརྗོད་བྱས་ཡོད་པ་དང་། བཙོན་པ་བརྗེ་ལེན་གྱི་ཆིངས་ཡིག་གིས་ཁོངས་སུ་ཨོ་སེ་ཊི་རེ་ལི་ཡའི་བཙོན་ཁང་ཁག་ཏུ་ཡོད་པའི་རྒྱ་ནག་གི་མི་ཁོངས་ཡིན་པའི་བཙོན་པ་རྣམས་རང་ཡུལ་ལ་རྩིས་སྤྲོད་བྱེད་རྒྱུ་དང་། རྒྱ་ནག་གི་བཙོན་ཁང་ཁག་ཏུ་ཡོད་པའི་ཨོ་སེ་ཊི་རེ་ལི་ཡའི་མི་ཁོངས་ཡིན་པའི་བཙོན་པ་རྣམས་རང་ཡུལ་ལ་རྩིས་སྤྲོད་བྱ་རྒྱུ་དང་ ཕྱོགས་གཉིས་ཀྱི་བཙོན་པ་ཚོས་ཁྲིམས་འགལ་བྱས་པའི་ཉེས་ཁྲིམས་ལ་རང་ཡུལ་གྱི་བཙོན་ཁང་ཁག་ཏུ་ཉེས་ཆད་ཁུར་དུ་འཇུག་དགོས་ཞེས་འཁོད་ཡོད་པ་རེད།

XS
SM
MD
LG