ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

དཀྱིལ་ཤར་མངའ་ཁུལ་གྱི་ཟིང་འཁྲུགས་ཀྱི་རྐྱེན་པས་རྡོ་སྣུམ་གྱི་རིན་གོང་འཕར་ཡོད་པ།


ཉེ་ལམ་ཞིག་ནས་དཀྱིལ་ཤར་མངའ་ཁུལ་དང་བྱང་ཨ་ཕེ་རི་ཀའི་ནང་ཆབ་སྲིད་ཀྱི་ཐད་ཟིང་འཁྲུགས་བྱུང་བའི་ཤུགས་རྐྱེན་གྱིས་འཛམ་གླིང་ནང་རྡོ་སྣུམ་གྱི་རིན་གོང་ལ་འཕར་ཆ་ཆེན་པོ་བྱུང་ཡོད་པ་དང༌། ཨེ་ཤི་ཡའི་དཔལ་འབྱོར་རིག་པ་ཚོས་རྡོ་སྣུམ་གྱི་རིན་གོང་ལ་འཕར་ཆ་ཆེན་པོ་བྱུང་བ་ལ་བརྟེན་ནས་བཟའ་བཅའི་རིན་གོང་ལ་ཡང་འཕར་ཆ་ཆེན་པོ་ཡོང་རྒྱུའི་ ཉེན་བརྡ་བཏང་ཡོད་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་ཕབ་བསྒྱུར་གྱིས་སྙན་སྒྲོན་གནང་གི་རེད།

XS
SM
MD
LG