ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་གཞུང་གིས་བོད་པའི་དགེ་འདུན་པ་ཞིག་འཇུ་བཟུང་བྱས་པ་དང་བོད་ནང་ཡར་རྒྱས་བཏང་ཚུལ་དྲིལ་བསྒྲགས།


རྒྱ་གཞུང་གིས་བོད་པའི་དགེ་འདུན་པ་ཞིག་འཇུ་བཟུང་བྱས་པ་དང་བོད་ནང་ཡར་རྒྱས་བཏང་ཚུལ་དྲིལ་བསྒྲགས།
རྒྱ་གཞུང་གིས་བོད་པའི་དགེ་འདུན་པ་ཞིག་འཇུ་བཟུང་བྱས་པ་དང་བོད་ནང་ཡར་རྒྱས་བཏང་ཚུལ་དྲིལ་བསྒྲགས།

རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞཱི་ཅིན་ཕིང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་ཟེར་བའི་བྱེད་སྒོའི་ཐོག་གཏམ་བཤད་བྱས་ཏེ་ བོད་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་རིགས་གནོན་སྡོམ་མཐར་ཕྱིན་པ་བྱེད་ཀྱི་ཡིན་ཞེས་ཉེན་བརྡ་བཏང་བ་དང་ཆབས་ཅིག དམར་ཤོག་གུང་བྲན་ཏང་གིས་བོད་ནང་ཡར་རྒྱས་ཚད་ལས་བརྒལ་བ་བཏང་ནས་ བོད་མི་རྣམས་བདེ་སྐྱིད་ཀྱི་ལམ་ཕྱོགས་སུ་སྣེ་འཁྲིད་བྱས་ཚུལ་སོགས་དྲིལ་བསྒྲགས་བྱས་ཡོད་པ་རེད་ འོན་ཀྱང་ བོད་མི་རྣམས་ཀྱིས་བོད་ལ་རྒྱ་ནག་དམར་པོས་བཙན་འཛུལ་བྱས་ཏེ་མཐར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་ཉིན་མོ་དེ་ནི་ བོད་ཀྱི་ལོ་རྒྱུས་ཐོག་གི་མུན་ནག་གི་ཉིན་མོ་ཞིག་ཡིན་པ་དང་ འདས་པའི་ལོ་དྲུག་ཅུའི་རིང་ལ་བོད་མི་རྣམས་ནི་རྒྱ་གཞུང་གི་བཙན་གནོན་དང་གདུག་རྩུབ་འོག་གནས་དགོས་བྱུང་ཡོད་ཅེས་བརྗོད་ཀྱི་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG