ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཕྲུག་ཁྱིམ་སྡེ་ལོ་ལྔ་བཅུ།


བོད་ཕྲུག་ཁྱིམ་སྡེ་ལོ་ལྔ་བཅུ།
བོད་ཕྲུག་ཁྱིམ་སྡེ་ལོ་ལྔ་བཅུ།

བརྙན་འཕྲིན་གཟིགས་ན། (Real Player)

བརྙན་འཕྲིན་གཟིགས་ན། (Windows Media)

བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་པའི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ད་ཆ་ལོ་ལྔ་བཅུ་འཁོར་ཡོད་པ་དང་། འདས་པའི་ལོ་ལྔ་བཅུའི་རིང་བོད་ཕྲུག་ཁྱིམ་སྡེ་ནས་བོད་ཕྲུག་ན་གཞོན་ཁྲི་ཚོ་མང་པོར་ལུས་སེམས་གཉིས་ལ་ཚར་ལོངས་བྱུང་ནས་དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཞུབས་ཞུའི་ལས་དོན་གཉེར་བཞིན་ཡོད་པ་རེད། ད་རིང་ཀུན་གླེང་གིས་བཞུགས་སྒར་དྷ་རམ་ས་ལ་ནས་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་དང་ད་ལྟ་དགེ་རྒན་གནང་བཞིན་པ་བློ་བཟང་དོན་ལྡན་ལགས་དང་། ཅི་ཁ་ཁོ་ནས་བོད་ཁྱིམ་ནང་ཐོན་དང་པོའི་གྲས་ཀརྨ་ཡེ་ཤེས་ལགས། འདི་ག་རྒྱང་སྲིང་ཁང་དུ་བོད་ཁྱིམ་དགེ་རྒན་ཟུར་པ་པདྨ་བདེ་ཆེན་བཅས་གདན་འདྲེན་ཞུས་ནས་ ད་རིང་ཀུན་གླེང་ལས་རིམ་གྱིས་བོད་ཁྱིམ་སྡེ་དབུ་འཛུགས་གནང་ནས་ལོ་ལྔ་བཅུར་དྲན་གསོ་དང་འབྲེལ་བའི་བགྲོ་གླེང་ཞུ་རྒྱུ་ཡིན།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ཐུབ་པ་ མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།།པདྨ་ཚལ་ལུགས་ཀྱི་བོད་ཡིག་གི་འབྲི་ སྲོལ་གསར་པ།

XS
SM
MD
LG