ངོ་འཕྲད་བདེ་བའི་དྲ་འབྲེལ།

བརྙན་འཕྲིན་གཟིགས་ན། (Real Player)

བརྙན་འཕྲིན་གཟིགས་ན། (Windows Media)

སང་ཉིན་རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀུ་པི་བོད་མིའི་གཞིས་ཆགས་གཙོས་བཙན་བྱོལ་བོད་མིའི་འདུས་སྡོད་ས་གནས་གང་སར་བཙན་བྱོལ་ནང་མང་གཙོ་དར་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་རྩིས་ཞུ་གི་ཡོད་པ་བཞིན། ད་རིང་ཀུན་གླེང་ལས་རིམ་གྱིས་གོང་ཞུས་གྲོས་གཞིར་བགྲོ་གླེང་ཞུ་རྒྱུར་འདི་ག་རྒྱང་སྲིང་ཁང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་དང༌། རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀུ་པི་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་མི་འཐུས་བྱ་ཉལ་ཚེ་རིང་ལྷ་སྐྱབས་ལགས་གཉིས་གདན་འདྲེན་ཞུས་ནས་བཙན་བྱོལ་ནང་མང་གཙོ་དར་འཕེལ་བྱུང་ནས་ལོ་ལྔ་བཅུ་སོང་བའི་བརྒྱུད་རིམ་ལ་དཔྱད་ཞིབ་དང་འབྲེལ་བའྀ་བགྲོ་གླེང་ཞུ་རྒྱུ་ཡིན།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་tibetantiv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།།པདྨ་ཚལ་ལུགས་ཀྱི་བོད་ཡིག་གི་འབྲི་སྲོལ་གསར་པ།

XS
SM
MD
LG