ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཟ་དབང་ལྡན་རྒྱ་གར་ལ་བདེ་འབྱོར།


ཕྱི་ལོ་༢༠༠༨་ལོར་བོད་ས་ཡོངས་སུ་མདོ་དབུས་ཁམས་གསུམ་གྱི་གངས་ཅན་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་བྱས་པའི་སྐབས་ཀྱི་ཞི་རྒོལ་པའི་གྲས་ཏེ། ཕ་ཡུལ་ཁམས་དཀར་མཛེས་ཀྱི་རྣམ་ཟ་དབང་ལྡན་དང་བཟའ་ཟླ་བུ་ཕྲུག་བཅས་པ་ཟླ་བ་གཉིས་ཀྱི་རིང་ལ་ཧི་མ་ལ་ཡའི་གངས་རི་བརྒལ་ནས་རྐང་ཐང་ལ་བྲོས་བྱོལ་ཡོང་ཡོད་པ་དང་། ད་ཆ་ཁོང་ཚོ་བཞུགས་སྒར་རྡ་རམ་ས་ལར་བདེ་འབྱོར་ཟིན་འདུག་མ་ཟད། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་བྱེད་པ་པདྨ་བདེ་ཆེན་གྱིས་རྣམ་ཟ་དབང་གྲགས་ལ་ལམ་བར་གྱི་དཀའ་ངལ་དང་། ༢༠༠༨་ཀྱི་ཞི་རྒོལ་ལ་ཞུགས་པའི་བོད་པ་ཅི་ཙམ་ད་དུང་ཡང་བཙོན་ཁང་དུ་ལྷག་ཡོད་མེད་སོགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་དེར་གསན་རོགས་གནང་།།

XS
SM
MD
LG