ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཨ་མདོ་འབྲུག་ཆུའི་ས་ཁུལ་དུ་ཆུ་ལོག་བྱུང་སྟེ་མི་རྒྱུ་གཉིས་ཀར་གནོད་འཚེ་ཆེན་པོ་བྱུང་པ།


རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་དོན་བྱས་ན། ཀན་སུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་ཞེས་པའི་ས་གནས་ཀྱི་ཤར་མཐའི་རྫོང་སྡེ་འབྲུག་ཆུ་ས་གནས་སུ་མཚན་འཁོར་གཅིག་གི་རིང་ལ་ཆུ་ལོག་་བྱུང་བ་དང་འདམ་ཉིལ་བ་སོགས་ཀྱིརྐྱེན་པས་མི་གྲངས་༡༢༧ལ་སྲོག་སྐྱོན་དང་གཞན་ཉིས་སྟོང་སྐོར་ཞིག་གར་སོང་ཆ་མེད་དུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་འདུག དེ་ཡང་བོད་རིགས་བཞི་ཁྲི་ལྔ་སྟོང་སྐོར་ཞིག་གནས་སྡོད་བྱ་ཡུལ་ཡིན་པའི་ཨ་མདོ་འབྲུག་ཆུ་རྫོང་སྡེ་དེ་བཞིན་ཆུས་བཀབ་པའི་རྗེས། འདམ་ཉོག་དང་ས་རྡོའི་འོག་ཏུ་ཤོར་བའི་མི་སྣ་རྣམས་མྱུར་སྐྱོབ་བྱེད་ཐབས་སུ་དྲག་པོའི་མི་སྣ་དང་མྱུར་སྐྱོབ་ལས་མི་ཚོས་མྱུར་སྐྱོབ་ཀྱི་ལས་འགུལ་ཛ་དྲག་གི་ངང་སྤེལ་བཞིན་པ་ཡོད་པ་ལྟར། ས་གནས་ཀྱི་གྲོང་མི་ཚོས་མི་གྲངས་བདུན་བརྒྱ་སྐོར་ཞིག་མྱུར་སྐྱོབ་བྱེད་ཐུབ་པ་བྱུང་ཡོད་པ་མ་ཟད། མི་གྲངས་བཞི་ཁྲི་ལྔ་སྟོང་སྐོར་ཞིག་ཉེན་གཡོལ་བྱས་ཡོད་པ་རེད།

XS
SM
MD
LG