ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ལ་ཀྲིན་ཨ་མི་རི་ཀའི་གྲོང་ཁྱེར་ཁག་ནང་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ།


ལ་ཀྲིན་ཨ་མི་རི་ཀའི་རྒྱལ་ཁབ་འདྲ་མིན་གྱི་གྲོང་ཁྱེར་ཁག་བཅུ་གཉིས་ནང་སྤྱི་ཟླ་བཅུ་གཅིག་པའི་ཚེས་པ་གཉིས་ཉིན་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་པའི་ལས་འགུལ་སྤེལ་འཆར་ཡོད་པ་དང་ དེ་བཞིན་རྒྱལ་ཁབ་བཅུ་བདུན་སྐོར་ཞིག་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཉིན་ཤས་གོང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་ བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ཐད་དོ་འཁུར་གནང་དགོས་པའི་ཞུ་བསྐུལ་གྱི་སྙན་ཞུ་ཕུལ་ཡོད་པ་བཅས་ཀྱི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG