ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འཛམ་གླིང་གི་དཔལ་འབྱོར་འགྲན་བསྡུར་སྟོབས་ཤུགས་ཀྱི་ཨང་རིམ།


འཛམ་གླིང་གི་དཔལ་འབྱོར་འགྲན་བསྡུར་སྟོབས་ཤུགས་ཀྱི་ཨང་རིམ།
འཛམ་གླིང་གི་དཔལ་འབྱོར་འགྲན་བསྡུར་སྟོབས་ཤུགས་ཀྱི་ཨང་རིམ།

འཛམ་གླིང་གི་དཔལ་འབྱོར་འགྲན་བསྡུར་སྟོབས་ཤུགས་ཉམས་ཞིབ་ཁང་གི་ལོ་འཁོར་སྙན་ཐོ་ཐོན་ཡོད་པ་དང་། ཁོང་ཚོས་རྒྱལ་ཁབ་༡༣༩་ཡས་མས་ཤིག་གི་དཔལ་འབྱོར་གནས་སྟངས་ལ་ཞིབ་འཇུག་བྱས་ནས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། ཡོ་རོབ་རྒྱལ་ཁབ་སུད་ཛར་ལེན་ཌེ་འཛམ་གླིང་གི་དཔལ་འབྱོར་འགྲན་བསྡུར་སྟོབས་ཤུགས་ཨང་དང་པོ་དང་སུ་ཌེན་ཨང་གཉིས་པ། ཨེ་ཞི་ཡའི་རྒྱལ་ཁབ་སེང་ག་པུར་ཨང་གསུམ་པ་དང་ཨ་མི་རི་ཀ་ཨང་བཞི་པར་ལྷུངས་ཡོད་པ་དང་། རྒྱ་ནག་གི་དཔལ་འབྱོར་འགྲན་བསྡུར་སྟབས་ཤུགས་ལོ་རེ་བཞིན་ཡར་རྒྱས་འགྲོ་གི་ཡོད་པ་རེད། ཉེ་བའི་ལོ་ཤས་ཤིག་ནས་འཛམ་གླིང་ཁྱོན་ཡོངས་ལ་དཔལ་འབྱོར་ཉམས་རྒུད་བྱུང་ནས་བཟུང་། ཨ་མི་རི་ཀའི་དཔལ་འབྱོར་འགྲན་བསྡུར་གྱི་སྟོབས་ཤུགས་གང་ཙམ་ཞིག་ཉམས་ཆག་སོང་བ་དང་། སྔ་ལོ་ཨ་མི་རི་ཀ་དཔལ་འབྱོར་འགྲན་བསྡུར་གྱི་སྟོབས་ཤུགས་ཨང་དང་པོ་ནས་ཨང་གཉིས་པར་ལྷུང་བ་མ་ཟད། ད་ལོ་ཨ་མི་རི་ཀ་འཛམ་གླིང་གི་དཔལ་འབྱོར་འགྲན་བསྡུར་སྟོབས་ཤུགས་ཨང་གཉིས་པ་ནས་ཨང་བཞི་པར་ལྷུངས་ཡོད་པ་དང་། ཨ་མི་རི་ཀའི་དཔལ་འབྱོར་སླར་གསོ་བྱེད་མ་ཐུབ་པར་འཛམ་གླིང་གི་དཔལ་འབྱོར་འགྲན་བསྡུར་སྟོབས་ཤུགས་ཀྱི་གོ་གནས་ཨང་དང་པོ་དེ་འཛིན་ཐུབ་རྒྱུ་ཁག་པོ་ཡིན་རུང་། རྩ་བའི་ཨ་མི་རི་ཀའི་དཔལ་འབྱོར་སྟོབས་ཤུགས་ཀྱི་རྨང་གཞི་ཧ་ཅང་བརྟན་པོ་ཡིན་པ་དེར་ཐེ་ཚོམ་མེད་ཅེས་འཁོད་ཡོད་པ་དང་། སྙན་ཐོ་རྩོམ་སྒྲིག་པ་ཊེ་རི་གྷ་ཡེ་གྷེར་གྱིས་བཤད་པ་ལྟར་ན། ད་དུང་ཡང་ཨ་མི་རི་ཀར་ལས་རིགས་གསར་གཏོད་དང་ཚོང་ལས་ཀྱི་གོ་སྐབས་མང་བ། སློབ་གསོ་ཡར་རྒྱས་དང་རྨང་གཞིའི་འཛུགས་སྐྲུན་ཡག་པོ་ཡོད་པ་བཅས་ཀྱི་རྩ་བ་བརྟན་པོ་ཡོད་ཅེས་བཤད་ཡོད་པ་རེད།

XS
SM
MD
LG