ངོ་འཕྲད་བདེ་བའི་དྲ་འབྲེལ།

ནང་མི་གསུམ་གྱི་གོམ་བགྲོད་ཀྱི་གནས་སྟངས་གསར་བ།


ཨ་མ་ཞིག་གིས་བུ་དང་བུ་མོ་ཁྲིད་དེ་རྒྱ་གར་བཞུགས་སྒར་རྡ་རམ་ས་ལ་ནས་བོད་དུ་ཞི་བའི་འཐབ་རྩོད་ཀྱི་གོམ་བགྲོད་འགོ་བཙུགས་ཏེ་དེ་རིང་ཉིན་དྲུག་དེ་པ་ཡིན་ཞིང་། ཨ་མ་དེ་ཡིས་བརྗོད་ན་ད་ལྟ་བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ཨ་མ་ཚོའི་གདོང་གི་མིག་ཆུ་དང་སེམས་ཀྱི་སྐྱོ་བ་བསམ་སྟེ། ཁོ་མོས་མུ་མཐུད་དེ་བུ་དང་བུ་མོ་ཁྲིད་ནས་གོམ་བགྲོད་མཇུག་སྐྱོང་བྱ་རྒྱུ་ཡིན་པ་བརྗོད་ཀྱིན་འདུག ཚེ་རིང་སྐྱིད་ཀྱིས་ཁོང་མ་བུ་གསུམ་ལ་ད་ལྟ་ས་གནས་གང་དུ་བསླེབས་ཡོད་མེད་སོགས་ཀྱི་སྐོར་གནས་འདྲི་ཞུས་ཡོད་པ་ཞིག་གསན་རོགས་གནང་།

XS
SM
MD
LG