ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མདོ་སྨད་དུ་རྒྱ་བསྒྱུར་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་འདུག


སྤྱི་ལོ་༢༠༡༠ལོར་རྒྱ་ནག་གཞུང་གིས་བོད་མདོ་སྨད་མཚོ་སྔོན་ས་ཁོངས་ཀྱི་ས་ཁུལ་ཀག་གི་བོད་ཀྱི་སློབ་གྲྭ་ཁག་ཏུ་བསླབ་གཞི་ཚང་མ་རྒྱ་ཡིག་ལ་བསྒྱུར་རྒྱུའི་གླེང་གཞི་བྱུང་བ་དང་། སྐབས་དེར་མཚོ་སྔོན་ཕྱོགས་ཀྱི་སློབ་ཕྲུག་སྟོང་ཕྲག་མང་པོས་སྲིད་ཇུས་དེར་ངོ་རྒོལ་བྱས་ཡོད་པ་རེད། ཡིན་ན་ཡང་ད་ལྟ་འབྲེལ་ཡོད་མི་སྣ་ཚོས་བརྗོད་དོན་ལྟར་ན། ད་ལྟ་སློབ་ཚན་ཚང་མ་རྒྱ་སྐད་དུ་བསྒྱུར་ཏེ་སློབ་ཁྲིདབྱེད་པའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར། དུས་བབ་གསར་ཁང་གི་གསར་འགོད་པ་ཚེ་རིང་རྒྱལ་དང་བོད་ལ་གཉེན་འཕྲད་དུ་ཕྱིན་ཏེ་ཚུར་འབྱོར་ཡོད་པའི་བློ་བཟང་ལགས་གཉིས་ལ་ཚེ་རིང་སྐྱིད་ཀྱིས་གླེང་མོལ་གནང་ཡོད་པ་དེར་གསན་རོགས་གནང་།

XS
SM
MD
LG