ངོ་འཕྲད་བདེ་བའི་དྲ་འབྲེལ།

ནང་ཆེན་དུ་ལྷ་དཀར་སྲུང་གཙི་རྒྱ་ཆེར་གནང་བ།


ནང་ཆེན་དུ་ལྷ་དཀར་སྲུང་གཙི་རྒྱ་ཆེར་གནང་བ།

དེ་རིང་ཚེས་བརྒྱད་ཉིན་སྟེ། ལྷག་དཀར་ཉིན་གྱི་ཞོགས་པ། བོད་མདོ་ཁམས་ནང་ཆེན་རྫོང་ཐོག་གི་ལུས་རྩལ་རྭ་བར། བོད་མི་ལྔ་བརྒྱ་ཙམ་ལྷན་འཛོམས་ཀྱིས། ལུས་ལ་བོད་ཆས་གྱོན་ཞིང་། ལག་ཏུ་རྩམ་སྐྱ་དང་བོད་སྤོས་བཟུང་ནས། མ་ཎི་བགྲངས་བཞིན་འདུ་འཛོམས་བྱུང་ཡོད་འདུག་ལ། ཡང་གནས་ཚུལ་ནང་གསལ་དོན་ལྟར་ན། དེར་འཛོམས་པའི་བོད་མི་ཕལ་ཆེ་ཤོས་གཞོན་སྐྱེས་ཡིན་འདུག བོད་མི་ཚོས་རྩམ་སྐྱ་བགམས་ནས་བོད་མིའི་འཚོ་བ་དང་སྡུག་བསྔལ་མཚོན་ཐབས་བྱེད་ཡོད་འདུག་ལ། ངག་ནས་༧རྒྱལ་བ་རིན་པོ་ཆེར་གསོལ་འདེབས་དང་བོད་ལ་རང་དབང་དགོས་ལ་སོགས་པའི་འབོད་སྒྲ་བསྒྲགས་ཡོད་འདུག

ནང་ཆེན་དུ་ལྷ་དཀར་སྲུང་གཙི་རྒྱ་ཆེར་གནང་བ།
ནང་ཆེན་དུ་ལྷ་དཀར་སྲུང་གཙི་རྒྱ་ཆེར་གནང་བ།

སྐབས་དེར་དྲག་ཆས་སྤྲས་པ་དང་མེ་མདའ་ཡོད་པའི་ཉེན་རྟོག་པ་དང་དམག་མི་ཚོས་བོད་མི་ཚོའི་མཐའ་ནས་སྐོར་ཡོད་འདུག་ཀྱང་། བོད་མི་ཚོས་ཀི་བསོ་ལྷ་རྒྱལ་བསྒྲགས་པ་དང་། དམག་མི་དང་ཉེན་རྟོག་པ་ཚོ་ཡང་འཁྲིས་སུ་བསྐོར་ཡོད་པ་དེ་ནས་ཅུང་རྒྱང་ལ་སོང་ཏེ་མུ་མཐུད་ནས་ལྟ་རྟོགས་བྱེད་ཀྱིན་བསྡད་ཡོད་འདུག

ནང་ཆེན་དུ་ལྷ་དཀར་སྲུང་གཙི་རྒྱ་ཆེར་གནང་བ།
ནང་ཆེན་དུ་ལྷ་དཀར་སྲུང་གཙི་རྒྱ་ཆེར་གནང་བ།

བོད་མི་ལྷ་བརྒྱ་ཙམ་ནང་ཆེན་རྫོང་གི་ལུས་རྩལ་རྭ་བར་ལྷན་འཛོམས་གནང་བཞིན་པའི་དུས་ཚོད་དེ་ལ། ཡང་ནང་ཆེན་རྫོང་ཐོག་ཏུ་ཡོད་པའི་དགོན་པའི་འདུ་ཁང་གི་ཐང་ཆེན་དུ་བོད་མི་བརྒྱ་ཕྲག་ལྷག་འཛོམས་ཏེ་བོད་ཆས་གྱོན་ཞིང་རྩམ་སྐྱ་འགམས་ནས་གཅིག་མཚུངས་ཀྱི་ལས་འགུལ་སྤེལ་ཏེ་དེ་རིང་གི་ལྷག་དཀར་ཉིན་མོ་སྲུང་གཙི་བྱེད་ཡོད་འདུག་ལ། ནང་ཆེན་རྫོང་ཐོག་དང་གཡས་གཡོན་གྱི་དགོན་པ་ཁག་ཏུ་དམག་མི་དང་ཉེན་རྟོག་པས་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད་འདུག་ཀྱང་། བོད་མི་ཚོས་ཞོགས་པ་ནས་ཕྱི་དྲོ་ཆུ་ཚོད་བདུན་པ་བར་དུ་ལས་འགུལ་སྤེལ་བ་དང་མུན་རུབ་རྗེས་གཞི་ནས་སོ་སོའི་ཡུལ་དུ་ལོག་ཡོད་འདུག

XS
SM
MD
LG