ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཆོས་ཞུ་བ་བརྒྱ་ལྷག་བཀག་ཉར་བྱེད་པར་བོད་མིའི་སྒྲིག་འཛུགས་ཀྱི་བློ་འཚབ།


རྒྱ་གར་དུ་དུས་འཁོར་དབང་ཆེན་ཞུ་མཁན་ལ་ཕེབས་མཁན་ཕར་བོད་དུ་ལོག་འགྲོ་སྐབས་རྒྱ་ནག་གཞུང་གིས་བསུན་བཙེར་སྣ་ཚོགས་བྱེད་ཀྱིན་ཡོད་པ་མ་ཟད། ལྷག་པར་དུ་ལྷ་སའི་མེ་འཁོར་འབབ་ཚིགས་སུ་ཆོས་ཞུ་བ་བཅར་མཁན་བོད་མི་བརྒྱ་སྐོར་ཞིག་འཛིན་བཟུང་བྱས་ཡོད་པའི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་བསྟན་འཛིན་ཕུན་ཚོགས་ལགས་ལ་གནས་འདྲི་ཞུ་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་ཆོས་དད་རང་དབང་གི་དྲིལ་བསྒྲགས་དང་རྒྱབ་འགལ་ཕྱིན་པར་སྐྱོན་བརྗོད་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་མཚམས་འཇོག་བྱ་དགོས་པར་འབོད་སྐུལ་ཞུ་དགོས་པ་བཅས་ཀྱི་གནས་ཚུལ་ལ་གསན་རོགས་ཞུ།

XS
SM
MD
LG