ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུ་ཤུ་མཉེན་ཆས་བཟོ་ཚོང་ཁང་གིས་རྒྱ་ནག་གི་ཞིབ་བཤེར་ལ་དང་ལེན།


ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་དར་ཁྱབ་ཤིན་ཏུ་ཆེ་བའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དང་རྩིས་འཁོར་ལ་སོགས་ཀྱི་ནང་དུ་གློད་རྡུལ་འཕྲུལ་དེབ་བམ། App ཚོང་ཁང་(iTunes&ibooks) ཞེས་པའི་དཔེ་མཛོད་ལྟར་ང་ཚོས་འཛམ་གླིང་གི་དཔེ་དེབ་མང་པོ་ཞིག་སོ་སོའི་ལག་འཁྱེར་ཁ་པར་དང་རྩིས་འཁོར་ནང་དུ་ལྟ་ཀློག་བྱ་ཐུབ་ཀྱིན་ཡོད་མོད། ཡིན་ནའང་དེང་སྐབས་རྒྱ་ནག་གཞུང་གིས་རང་གི་ཁྲོམ་རའི་ནང་དུ་འཚོང་འགྲེམ་བྱེད་བཞིན་པའི་ཀུ་ཤུ་རྟགས་ཅན་གྱི་འཕྲུལ་ཆས་རིགས་ཀྱི་དཔེ་མཛོད་དེས་བོད་དོན་དང་འབྲེལ་བའི་དཔེ་དེབ་རྣམས་ལྟ་ཀློག་དང་དྲིལ་བསྒྲགས་བྱ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད། ཀུ་ཤུ་རྟགས་ཅན་གྱི་བཟོ་ཚོང་ལས་ཁང་གིས་རྒྱ་ནག་གི་ཞིབ་བཤེར་སྒྲིག་ཁྲིམས་ལ་དང་ལེན་བྱས་ནས་བོད་དོན་ལ་འབྲེལ་བ་ཡོད་པའི་དེབ་རྣམས་ནག་བསུབ་བཏང་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།
please wait

No media source currently available

0:00 0:02:42 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG