ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་པ་ཞིག་གི་རང་སྲེག་ངོ་རྒོལ།


ད་ལྟ་རྒྱ་ནག་གཞུང་གིས་ཆ་བགོ་བྱེད་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་ནག་ཆུ་ཁུལ། འབྲི་རུ་རྫོང་གི་བོད་པ་དགུ་འགྲུབ་ཟེར་པ་ཞིག་གིས་ནག་ཆུ་གྲོང་ཁྱེར་གྱི་སྲང་ལམ་དུ་བོད་པ་ཚོ་ས་ཆ་གང་དུ་སོང་ཡང་རང་དབང་མི་འདུག ༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་འདུག་ཅིང་། དེའི་རྗེས་སུ་ཁོང་ཉེ་འཁོར་གྱི་བོད་པ་ཚོས་སྨན་ཁང་དུ་འཁྱེར་ཀྱང་ས་གནས་ཀྱི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པས་དགུ་འགྲུབ་འདས་གྲོངས་སུ་ཕྱིན་འདུག་ཅེས་ཕུང་པོར་རས་དཀར་པོ་ཞིག་གཡོགས་ཏེ་བཙན་འཁྱེར་བྱས་པ་མ་ཟད། ད་ལོའི་ཕྱི་ཟླ་གསུམ་པའི་ནང་དུ་དགུ་འགྲུབ་ཀྱིས་ཁ་ཆེམས་ཡི་གེ་ཞིག་བྲིས་ཏེ་རང་སྲེག་ངོ་རྒོལ་གཏོང་རྒྱུའི་གྲ་སྒྲིག་བྱས་འདུག་པ་དང་། ཁོང་གིས་ཁེ་ཉིན་བསྐྱར་དུ་ཁ་ཆེམས་ཡི་གེ་ཞིག་བཞག་ཡོད་པ་སྙན་ངག་གི་ལམ་ནས་བྲིས་ཡོད་ཅིང་། ང་ཚོའི་གནས་ཚུལ་ཡོང་ཁུངས་ལྟར་ན་རང་སྲེག་ངོ་རྒོལ་བ་དེ་རྩོམ་པ་པོ་ཞིག་ཡིན་འདུག་པ་བཅས་ཀྱི་སྐོར། ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG