ངོ་འཕྲད་བདེ་བའི་དྲ་འབྲེལ།

རྟའུ་ནས་འབྱོར་པའི་མིག་མཐོང་བདེན་དཔང་པ་ཞིག་འགྲེལ་བཤད།


རྟའུ་ནས་འབྱོར་པའི་མིག་མཐོང་བདེན་དཔང་པ་ཞིག་འགྲེལ་བཤད།

ཕུང་པོ་དགོན་པར་གདན་འདྲེན་ཞུས་པའི་སྐབས་དེར་མི་མང་པོ་ཞིག་འུར་ཟིང་ལངས་སོང་། ང་ཡང་ཐད་ཀར་དེ་ལ་ཕྱིན་པ་ཡིན། དེ་ལ་མི་མང་པོ་ཞིག་གིས་བལྟས་བསྡད་འདུག གང་ས་གང་དུ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་ཞེས་སྐད་བརྒྱབ་པ་དང་། མཆོད་མཇལ་དང་མཆོད་འབུལ་བྱེད་དུ་འགྲོ་མཁན་མང་པོ་ཞིག་འདུག ཁོང་ཚོའི་གྲས་སུ་བཙུན་མ་༣༠༠་ཙམ་ཡོད་པའི་དེ་དག་གིས་སྐད་བརྒྱབ་ནས་ཚུར་ཡོང་གི་འདུག ཁོང་ཚོ་ཁྲོམ་དཀྱིལ་སྒང་ནས་ཚུར་ཡོང་དུས་སྐད་ཆེན་པོ་བརྒྱབ་སོང་། ཚིག་དེ་ཚོ་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོ་བོད་ལ་རང་དབང་མི་འདུག་ཅེས་དངོས་གནས་སེམས་ཕམ་དགོས་པ་དང་ཧ་ལས་དགོས་པ་ཞིག་བྱུང་སོང་།

XS
SM
MD
LG