ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ས་ཡོམ་གྱི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་དང་གདེང་འཇོག་ཆུང་དུ་ཕྱིན་པ།


རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གནོད་འཚེ་གཞན་ཞིག་བྱུང་སྟེ་མི་གྲངས་ཉིས་བརྒྱ་ཡས་མས་ཤིག་ལ་སྲོག་སྐྱོན་བྱུང་ཡོད་ལུགས་གཞུང་འབྲེལ་གྱིས་གསལ་བསྒྲགས་བྱས་པ་དང་སྦྲགས། གཞུང་གི་ངོས་ནས་མྱུར་སྐྱོབ་ལས་དོན་དང་། ངལ་སེལ་གྱི་རོགས་སྐྱོར་གང་ཡོང་བྱེད་བཞིན་ཡོད་ཀྱང་། རྒྱབ་སྐྱོར་གྱི་རོགས་རམ་བྱེད་ཕྱོགས་ཐད་ རྒྱ་ནག་དམར་ཤོག་སྲིད་གཞུང་ལ་མི་མང་གིས་ཡིད་ཆེས་དང་གདེང་འཇོག་མེད་པའི་རྣམ་པ་སྔོན་གསལ་དོད་པོའི་ཐོག་ནས་སྟོན་གྱི་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་གནས་ཚུལ་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
XS
SM
MD
LG