ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིའི་བོད་ཡིག་གསར་ཤོག་ལ་མཐུན་འགྱུར་རྒྱ་ཆེ་ཡོང་བའི་རེ་སྐུལ་བྱེད་ཀྱི་ཡོད་པ།


ཟླ་བ་སྔོན་མ་ནས་འདོན་སྤེལ་བྱས་པའི་ཨ་རིའི་བོད་ཡིག་གསར་ཤོག་ཅེས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་འདོན་འགྲེམས་བྱས་པའི་བོད་ཡིག་གི་གསར་ཤོག་དེའི་འགན་འཛིན་བཀྲིས་ཕུན་ཚོགས་ལགས་ཀྱིས་ད་བར་གསར་ཤོག་དེ་ལྟ་ཀློག་བྱེད་མཁན་མང་པོ་ཡོད་པ་མ་ཟད་ཁོང་ནས་རིང་མིན་འབྲེལ་ཡོད་བོད་མི་དང་ཚོགས་འཛོམས་ཀྱི་ཐོག་ནས་གསར་ཤོག་དེར་བོད་མི་ཕོན་ཆེས་རྒྱབ་སྐྱོར་དང་མཐུན་འགྱུར་ཡོང་བའི་འབད་བརྩོན་བྱེད་རྒྱུ་ཡིན་པའི་འགྲེལ་བརྗོད་གནང་བ་དང་འབྲེལ་བོད་ཡིག་གསར་ཤོག་དེའི་འགན་འཛིན་རང་ཉིད་ཀྱིས་ལས་དོན་གལ་ཆེན་འདི་བསྩམས་པའི་དམིགས་ཡུལ་ནི་༧གོང་ས་མཆོག་གི་བཀྲིན་གྱི་ཆ་ཤས་ཤིག་གསབ་རེ་དང་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ཆེད་བོད་མིའི་ཁྲོད་དུ་གསར་འགྱུར་རང་སྐད་ནང་སྤེལ་རྒྱུ་བཅས་ཡིན་པའི་འགྲེལ་བརྗོད་གནང་བ་ལྟར་གཟའ་འཁོར་འདིའི་ང་ཚོའི་གཞོན་སྐྱེས་དང་ཤེས་ཡོན་ལས་རིམ་གནང་བགྲོ་གླེང་གནང་བ་དེ་གསན་གྱི་རེད།

XS
SM
MD
LG