ངོ་འཕྲད་བདེ་བའི་དྲ་འབྲེལ།

མགོ་ལོག་ཁུལ་གྱི་སློབ་ཕྲུག་གིས་ཁོར་ཡུག་གི་ཆེད་ངོ་རྒོལ་བྱས་པ།


བོད་མདོ་སྨད་མགོ་ལོག་རྨ་ཆེན་གངས་རིའི་རི་འདབས་ཕྱོགས་སུ་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་པས་ ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེ་འབྱུང་བཞིན་པ་མ་ཟད། གཏེར་ཁ་སྔོག་འདོན་ལས་གྲྭ་ལས་ཐོན་པའི་དུག་ཆུ་ཞེས་པའི་རྫས་ཞིག་ལ་བརྟེན་ནས་སྒོ་ཕྱུགས་སེམས་ཅན་ཤི་བ་དང་། མི་རྣམས་ལ་དབང་བོ་སྐྱོན་ཅན་དང་ནད་རིགས་སྣ་ཚོགས་ཡོང་བཞིན་པ་སོགས་ལ་བརྟེན་ཏེ། མགོ་ལོག་ཁུལ་གྱི་སློབ་ཕྲུག་བཞི་བརྒྱ་ལྷག་གིས་མགོ་ལོག་ཁུལ་དུ་གཏེར་ཁ་སྔོག་འདོན་བྱེད་སའི་ས་གནས་བར་དུ་ཞི་བའི་གོམས་བགྲོད་བྱས་ཏེ་བྱས་ཏེ་གཏེར་ཁ་སྔོག་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཏེ་ངོ་རྒོལ་བྱས་ཡོད་པའི་སྐོར་ཚེ་རིང་སྐྱིད་ཀྱིས། ཕ་ཡུལ་ཨ་མདོ་མགོ་ལོག་ནས་ཡིན་པའི་འདི་ཀ་ཨ་མེ་རི་ཀའི་ཝིར་ཅིས་ནིས་ཡའི་མཁན་པོ་ངག་དབང་རྡོ་རྗེ་དང་གླེང་མོལ་བྱས་པ་ཞིག་གསན་རོགས་གནང་།

XS
SM
MD
LG