ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འདི་ལོ་ཨཕྷ་རི་ཀའི་རྒྱལ་ཁབ་བཞིའི་ནང་ཟས་དཀོན་པའི་དཀའ་ངལ་འཕྲད་བཞིན་པ།


མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨཕྷ་རི་ཀའི་ས་ཧ་ར་བྱེ་ཐང་གི་ལྷོ་ཕྱོགས་ས་ཧེལ་ས་ཁུལ་གྱི་རྒྱལ་ཁབ་བཞིའི་ནང་མ་འོངས་བདུན་ཕྲག་ཁ་ཤས་ཀྱི་ནང་ཚུད་དུ་ཆར་དུས་འགོ་འཛུགས་རྒྱུ་ཡིན་པ་དང་ཟས་རིགས་ཏོག་ཙམ་མ་གཏོགས་ལྷག་མེད་པ་རེད་ཅེས་བརྗོད་འདུག དེར་བརྟེན་སྔ་ལོ་ཐན་པ་བསྟན་པའི་ཨཕྷ་རི་ཀའི་རྒྱལ་ཀབ་བཞི་པོའི་ཆེད་རོགས་སྐྱོར་བྱེད་མཁན་ངལ་སེལ་ཚོགས་པ་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་དཔལ་འབྱོར་གྱི་རོགས་རམ་བསྩལ་ཡོད་པ་རེད། ཟས་རིགས་མ་ལྡེང་བའི་དཀའ་ངལ་འཕྲད་ས་གཙོ་བོ་དེ་ན་ཛར་ཟེར་བའི་རྒྱལ་ཁབ་དེའི་མི་མང་ཕྱེད་ཀར་ཟས་རིགས་མི་ལྡེང་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

XS
SM
MD
LG