ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་ལས་འགུལ་བ་ཚོས་སྒྱུར་བཅོས་ཆེན་པོ་གཏོང་དགོས་ཞེས་ནན་བརྗོད།


རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་འཚོག་རྒྱུའི་སྔ་ནུབ་དེར་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཚོས་རྒྱ་ནག་གཞུང་ལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལེགས་བཅོས་གཏོང་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པ་དང་། དེ་བཞིན་མི་མང་ལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྤྲོད་དགོས་པའི་སྐུལ་ལྕག་གཏོང་གི་ཡོད་ཅིང་། ད་རེས་ཀྱི་འབོད་སྐུལ་དེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཞིག་ཉེན་རྡོག་པའི་བཀག་ཉར་འོག་ཏུ་འདས་གྲོངས་སུ་འགྱུར་གྲབས་ཡོད་པའི་མཚམས་སུ་ལས་འགུལ་དེའི་དགའ་ཉེ་གྲོགས་པོ་སོགས་ཀྱིས་གཞུང་ལ་སྐུལ་ལྕོག་དེ་བཏང་བ་ཞིག་ཡིན་པའི་སྐོར། གསར་འགོདཔ་ཤཱ་ནོན་ཧྦན་སན་ཊིས་སྤེལ་པའི་གནས་ཚུལ་དེ་པདྨ་བདེ་ཆེན་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG