ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ལས་འགུལ་བ་ཧུའུ་ཅཱ་ཆུ་ཚོད་༢༤རིང་བཀག་ཉར་བྱས་འདུག


ལས་འགུལ་བ་ཧུའུ་ཅཱ་ཆུ་ཚོད་༢༤རིང་བཀག་ཉར་བྱས་འདུག
ལས་འགུལ་བ་ཧུའུ་ཅཱ་ཆུ་ཚོད་༢༤རིང་བཀག་ཉར་བྱས་འདུག
༄༅།། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སྐད་གྲགས་ཅན་ཧུའུ་ཅཱ་ལགས་ཁ་ས་གཟའ་ཉི་མའི་དགོང་དྲོ་པེ་ཅིན་དྲ་ལམ་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་ཆུ་ཚོད་ཉེར་བཞི་ལ་བཀག་ཉར་བྱས་ཡོད་པ་རེད། ད་ལྟ་གནས་ཚུལ་ཐོན་པ་ལྟར་ན་ཧུའུ་ཅ་ལགས་གློད་གྲོལ་བྱུང་ཡོད་པ་དང་། ཧུའུ་ཅཱ་རང་ཉིད་འཛིན་བཟུང་མ་བྱེས་པའི་སྔོན་དུ་གནས་ཚུལ་སྤེལ་བ་ཡིན་ན། ཁོང་གིས་རྒྱ་ནག་གི་༼རྒྱལ་འབངས་གསར་བའི་ལས་འགུལ་ཚོགས་པ༽་འཛུགས་མཁན་དང་སྤྱི་ཚོགས་ལས་འགུལ་བ་ཞུའུ་ཀྲི་ཡོན་ལ་ཁྲིམས་གཅོད་བྱས་པ་དེ་དྲང་བདེན་མ་ཡིན་པའི་སྐོར་ནས་དྲ་ལམ་དུ་གནས་ཚུལ་སྤེལ་བའི་རྐྱེན་གྱིས་བཀག་ཉར་བྱེད་སྲིད་པ་བྲིས་ཡོད། འདིའི་ཐད་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG