ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུ་གུར་ཀྱི་དགོས་འདུན་ལ་ཉེན་འཇོག་མ་བྱས་བར་དུ་ཤིང་ཅང་ནང་དྲག་ཟིང་མུ་མཐུད་ཡོང་གི་རེད་ཅེས་བརྗོད་ཀྱི་ཡོད་པ།


ཡུ་གུར་ཀྱི་དགོས་འདུན་ལ་ཉེན་འཇོག་མ་བྱས་བར་དུ་ཤིང་ཅང་ནང་དྲག་ཟིང་མུ་མཐུད་ཡོང་གི་རེད་ཅེས་བརྗོད་ཀྱི་ཡོད་པ།

རྒྱ་ནག་གཞུང་གིས་གྲངས་ཉུང་ཡུ་གུར་མི་རིགས་ལ་མཐོང་ཆུང་བརྙས་བཅོས་དང་བཙན་གནོན་བྱེད་པའི་སྲིད་བྱུས་རིགས་ལག་བསྟར་བྱེད་རྒྱུ་མཚམས་མ་བཞག་པ་ཡིན་ན་ གཟའ་ཟླ་བའི་ཉིན་ ཤིང་ཅང་གི་གྲོང་ཁྱེར་ཧཱོ་ཏེན་གྱི་ནང་གཞུང་གི་ཉེན་རྟོག་ལས་ཁང་ལ་དྲག་རྒོལ་བྱས་པའི་དོན་རྐྱེན་གནས་ཚུལ་དེ་རིགས་ ད་དུང་མུ་མཐུད་ནས་ཡོང་གི་རེད་ཅེས་ བཙན་བྱོལ་ལ་ཡོད་པའི་ཡུ་གུར་མི་རིགས་ཀྱི་འགོ་ཁྲིད་ལྕམ་ར་བྷ་ཡ་ཁཱ་འདིར་གྱིས་ཉེན་བརྡ་བཏང་བའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG