ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ


གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནས་ཨ་མེ་རི་ཀའི་མཐོ་སློབ་ཞིག་གི་ཡིག་རྒྱུགས་ལ་གྲུབ་འབྲས་ཐོབ་མཁན་སློབ་ཕྲུག་བུ་མོ་ཁག་ཅིག་མཐོ་སློབ་དེའི་སློབ་ཁོངས་སུ་བསྡུ་རྒྱུའི་ཁས་ལེན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་འདི་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་ཀྱི་རོང་འབྲོག་བུ་མོ་རྐྱང་བའི་སློབ་གྲྭ་ཞིག་ཡིན་ལ། སློབ་གྲྭ་འདི་ནི་བོད་ཀྱི་ཁེ་ལས་པ་དང་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་གསར་འཛུགས་གནང་བའི་སྒེར་གཉེར་སློབ་གྲྭ་ཞིག་ཡིན། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་འདི་བོད་ཁུལ་གྱི་སྒེར་གཉེར་གྱི་བུ་མོའི་སློབ་གྲྭ་གཅིག་པུ་དེ་ཡིན།་ལ། ད་ལྟ་སློབ་གྲྭ་འདི་ལ་སློབ་ཕྲུག་བུ་མོ་ཁྱོན་སྡོམས་༥༠༠ལྷག་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG