ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་དུ་དགེ་འདུན་པ་ཞིག་གིས་༢༠༠༨ལོའི་ཞི་རྒོལ་སྐོར་དེབ་ཅིག་འདོན་སྤེལ་བྱས་ཡོད་འདུག


བོད་དུ་དགེ་འདུན་པ་ལྷ་ལྡན་ཞུ་བ་ཞིག་གིས་༢༠༠༨ལོའི་ཞི་རྒོལ་གྱིས་སྐོར་ཚེ་སྲོག་གི་བསྐྲུན་པའི་སྐད་ཆ་ཞེས་མིང་བཏགས་པའི་དེབ་ཅིག་བཏོན་གནང་འདུག། དེབ་བཏོན་པའི་དུས་ཚོད་ནི་བོད་ས་ཡོངས་རྫོགས་ལ་ཞི་རྒོལ་བྱུང་ནས་ལོ་གསུམ་འཁོར་བའི་སྐབས་དང་། ཉེ་ཆར་སུ་ཝི་སི་ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཚོགས་ཆེན་ཚོགས་པའི་སྐབས་དང་བསྟུན་ནས་གནང་ཡོད། རྩོམ་པ་པོའི་བདེ་འཇགས་ཀྱི་ཐད་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་སྟེ་གནས་ཁང་གིས་རྒྱལ་ཚོགས་ཀྱི་ལྷན་ཁང་ལ་འབོད་སྐུལ་གནང་ཡོད་པ་རེད།

XS
SM
MD
LG