ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཁྲིམས་འགལ་བྱས་ཏེ་པར་རྒྱག་མཁན་རྒྱ་མིའི་མི་དེའི་ཚོགས་བཞུགས་ཐོབ་ཐང་མེད་པ་བཟོས་པ།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལས་ཀྱིས་རྒྱ་ནག་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གཞུང་འབྲེལ་མིན་པའི་ཚོགས་པའི་འཐུས་མི་ཡིན་ཟེར་བ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་ཏེ་མི་དེས་ཚོགས་འདུར་ཁྲིམས་འགལ་གྱི་ཐོག་ནས་པར་བརྒྱབ་པ་སོགས་བྱས་ཡོད་པས་ ཁོ་པ་ཚོགས་འདུ་དེར་ཞུགས་རྒྱུའི་ཐོབ་ཐང་མེད་པ་བཟོས་ཡོད་པ་རེད་ ཁོ་པ་ནི་བོད་ཀྱི་རིག་གནས་དང་གོང་འཕེལ་སྲུང་སྐྱོབ་ཟེར་བའི་ཁོངས་མི་ཡིན་ཟེར་གྱི་ཡོད་པའི་སྐོར་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་རླུའུ་ཡང་གིས་སྤེལ་བའི་་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་བསྒྱུར་གྱིས་སྙན་སྒྲོན་ཞུ་གི་ཡིན་།།
XS
SM
MD
LG