ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་རིགས་བུད་མེད་རྩོམ་པ་པོ་ཞིག་གིས་བོད་དོན་ཐད་ཀྱི་དཔེ་དེབ་སྒོ་འབྱེད།


རྒྱ་རིགས་བུད་མེད་རྩོམ་པ་པོ་ཀྲུའུ་རེན་གྱིས་དུས་བཟང་གི་ལྷ་ས་ཞེས་པའི་བོད་དོན་ཐད་ཀྱི་དཔེ་དེབ་ཅིག་བརྩམས་ཡོད་འདུག་ལ། ཡང་དཔེ་དེབ་དེ་ནི་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཡུལ་ལ་བཙན་འཛུལ་མ་བྱས་སྔོན་གྱི་ལོ་རྒྱུས་ཀྱི་སྐོར་བརྩམས་སྒྲུང་རང་བཞིན་ལྡན་པའི་བོད་དོན་ཐད་ཀྱི་དཔེ་དེབ་ཅིག་ཡིན་པ་དང་ ཡང་རྩོམ་པ་པོས་བརྗོད་ན་ དཔེ་དེབ་དེ་ནི་རྒྱ་ཡིག་ནང་བརྩམས་ཏེ་ གཙོ་བོ་རྒྱ་ནག་དམར་ཤོས་གིས་མ་བཟུང་བའི་སྔོན་གྱི་བོད་མིའི་འཚོ་བ་དང་བསམ་བློ་དེ་རྗེས་ལུས་དང་མུན་ནག་ཅིག་མ་ཡིན་པ་རྒྱ་རིགས་མི་མང་ལ་ངོ་སྤྲོད་ཞུ་ཆེད་བྲིས་པ་ཞིག་ཡིན་འདུག་ལ། འདིའི་ཐད་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་སངས་རྒྱས་སྐྱབས་དང་རྩོམ་པ་པོ་ཀྲུའུ་རེན་གཉིས་ལ་ ཚེ་རིང་སྐྱིད་ཀྱིས་བཀའ་འདྲི་ཞུས་ཡོད་པ་ཞིག་གསན་རོགས་གནང་།

XS
SM
MD
LG