ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྐྱེ་རྒུ་མདོའི་མི་མང་གིས་ངོ་རྒོལ་བྱས་པ།


བོད་མདོ་ཁམས་སྐྱེ་རྒུ་མདོར་སྤྱི་ལོ་༢༠༡༠ལོར་ས་ཡོམ་གྱི་གོ་ཆག་བྱུང་བའི་རྗེས། རྒྱ་ནག་གཞུང་གིས་ཁྱིམ་གཞི་གསར་བ་འཛུགས་བསྐྲུན་བྱ་རྒྱུར་ཁ་གཡར་ཏེ་ ས་གནས་མི་མང་གི་ས་ཞིང་དང་ སྡོད་ཁྱིམ་བཙོན་འཕྲོག་བྱས་པར་མི་མང་གིས་ངོ་རྒོལ་ཐེངས་མང་བྱེད་མྱོང་ཡོད་ལ། ཟླ་འདིའི་ཚེས་༩ཉིན་བོད་མི་ཚོས་བསྐྱར་དུ་རང་གི་སྡོད་ཁྱིམ་སྲུང་སྐྱོབ་ཀྱི་ཆེད་ངོ་རྒོལ་བྱས་པར་བརྟེན་ས་གནས་བོད་མི་དང་ཉེན་རྟོག་པ་འཁྲུག་འཛིང་ཤོར་ཏེ་བོད་མི་དྲུག་དང་ས་གནས་ཉེན་རྟོག་པ་མི་བཞི་བཅས་མི་བཅུ་ལ་རྨས་སྐྱོན་བྱུང་ཡོད་པ་དང། ཡང་བོད་མི་༢༡ལྷག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་སྐོར་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་ཡོད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG