ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡ ཚེས་༡༣


ཀུན་གླེང་། ༢༠༢༡ ལོའི་ཟླ་༡ ཚེས་༡༣
please wait

No media source currently available

0:00 0:59:59 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་པ་དང་ཚན་རིག་པར་དྲ་ལམ་བཀའ་མོལ་གནང་བ་དང་། སྲིད་འཛིན་ཊམ་གནས་དབྱུང་གཏོང་སྟངས་སྐོར་ལ་བཀའ་བསྡུར་གནང་བཞིན་པ། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱས་སྲིད་འཛིན་ཊམ་གྱི་གླེང་སྟེགས་བཀག་སྡོམ། ཨ་རིའི་ཕྱི་སྲིད་དྲུང་ཆེ་འདི་ག་རླུང་འཕྲིན་ཁང་དུ་གཏམ་བཤད་གནང་བ། བདེ་ལེགས་སྨན་ཁང་དུ་ཏོག་ནད་འགོག་ཁབ་རྒྱག་འགོ་ཚུགས་རྒྱུའི་སྟ་གོན་བྱེད་བཞིན་པ། རྒྱ་དཀར་ནག་གཉིས་ཀྱི་གནས་སྟངས་ཐད་རྒྱ་གར་གྱི་དཔོན་རིགས་ཀྱིས་གཏམ་བཤད་བྱས་པ་དང་། ཨ་རི་དང་ཐེ་ཝན་གྱི་འབྲེལ་ལམ་ལ་སྒོ་གསར་པ་ཕྱེ་བ་བཅས་ཀྱི་གསར་འགྱུར་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་འདི་ག་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ལྷན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཨ་རིའི་རླུང་འཕྲིན་ཁང་གི་ལས་འགན་དང་དམིགས་ཡུལ་སོགས་ཀྱི་སྐོར་ལ་གནང་བའི་གསུང་བཤད་ཀྱི་ནང་དོན་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གསར་འཛུགས་ཀྱི་བྱུང་རིམ། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལས་འགན་དང་དམིགས་ཡུལ་བཅས་ལ་བགྲོ་གླེང་ཞུས་ཡོད།

XS
SM
MD
LG