ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུན་གླེང་། ༢༠༢༡ ལོའི་ཟླ་༡ ཚེས་༦


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཀོ་རི་ཡའི་དད་ལྡན་རྣམས་ཀྱི་གསོལ་འདེབས་ལྟར་ཤེས་རབ་སྙིང་པོའི་གསུང་ཆོས་གནང་བཞིན་པ་དང་། ཕྱི་ཟླ་དང་པོའི་ཚེས་༣ ཉིན་འཛམ་གླིང་གང་སར་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་བྱས་པ། རྒྱ་གར་དུ་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ལ་ཆོག་མཆན་ཐོབ་པ། ལྕམ་ནན་སེཿཕེ་ལོ་སེ་བསྐྱར་དུ་གྲོས་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་ཞིང་། མངའ་སྡེ་ཇོར་ཇེ་ཡའི་ནང་གི་གྲོས་ཚོགས་གོང་མའི་འཐུས་མིའི་འོས་བསྡུའི་ཁྲོད་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་བཞིན་པའི་གནས་ཚུལ་ཐོན་པ་བཅས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་ཀྱི་བརྗོད་བྱ་ནི་༢༠༢༡ སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཡིན། བསོད་ནམས་གཡང་འཛོམས་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བཞུགས་སྒར་དྷ་རམ་ས་ལ་དང་། རྒྱ་གར་ལྷོ་ཕྱོགས། རྒྱལ་ས་ལྡི་ལི་བཅས་སུ་ཡོད་པའི་གསར་འགོད་པ་གསུམ་དང་བགྲོ་གླེང་ཞུས་པ་དང་། ཚེ་རིང་སྐྱིད་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བལ་ཡུལ་དང་། ཡུ་རོབ། ནེའུ་ཡོག་བཅས་སུ་ཡོད་པའི་གསར་འགོད་པ་གསུམ་དང་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG