ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུན་གླེང་། ༢༠༢༠ ལོའི་ཟླ་༡༢ ཚེས་༣༠


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བྱང་ཨ་རིའི་བོད་མི་རྣམས་ལ་བཀའ་སློབ་དང་གསུང་ཆོས་གནང་བ་དང་། བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཞི་ལ་སྲིད་འཛིན་གྱིས་མཚན་རྟགས་བཀོད་ནས་ཁྲིམས་ཡིག་ཆགས་པ། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་ཁྱབ་ཚད་ཀྱི་གནས་ཚུལ་སྤེལ་མཁན་དང་ཧོང་ཀོང་གི་དམངས་གཙོ་བ་དོན་གཉེར་བ་ཁག་ཅིག་ཁྲིམས་ལ་སྦྱར་བ། ཨུ་རུ་སུའི་ནང་ཏོག་ནད་འགོག་ཁབ་རྒྱག་འགོ་ཚུགས་པ་དང་། ༢༠༢༠ ལོ་ནི་ཐེ་ལན་ཌི་ལ་མཚོན་ན་ནད་ཡམས་དང་རྔམ་སྟོན་ཁྲོམ་སྐོར་གྱི་ལོ་ཞིག་ཆགས་པ་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་བསོད་ནམས་གཡང་འཛོམས་ལགས་ཀྱིས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་ཨ་རིའི་གྲོས་ཚོགས་ཀྱི་གྲོས་ཆོད་དང་ཁྲིམས་འཆར་གཏན་འབེབས་གོ་རིམ་དང་། མཐའ་མར་ཁྲིམས་ཡིག་ཆགས་རྗེས་ཀྱི་ཕན་ནུས་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་དེ་རིང་གི་ང་ལ་སྤྱི་འཐུས་ཀྱི་འོས་འཕེན་རོགས་ཞེས་པའི་ལེ་ཚན་གྱི་ཚན་པ་དྲུག་པ་རུ་༢༠༢༡ ལོའི་སྤྱི་འཐུས་ཀྱི་འོས་མིར་ལངས་མཁན་བཅུ་ཐམ་པ་ངོ་སྤྲོད་བྱས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG