ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུན་གླེང་། ༢༠༢༠ ལོའི་ཟླ་༡༢ ཚེས་༢༥


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་འཛམ་གླིང་གང་སར་ཡེ་ཤུའི་འཁྲུངས་སྐར་ཉིན་མོ་སྲུང་བརྩི་དང་། སྲིད་འཛིན་ཊམ་གྱིས་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབ་གནང་བའི་ཁྲིམས་གཞི་ལ་མོས་མཐུན་བྱེད་ཀྱིན་མེད་པ། བཞུགས་སྒར་དྷ་རམ་ས་ལར་སྔོན་འགྲོའི་འོས་བསྡུའི་ཆེད་འོས་ཤོག་འཕེན་ས་གསར་པ་གསུམ་ཁ་སྣོན་བྱ་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་གིས་ཨ་ལེ་བྷ་བྷ་ཚོང་ལས་ལ་ཞིབ་བཤེར། འཛམ་གླིང་ས་དབུས་རྒྱ་མཚོ་ཁུལ་དུ་རྒྱ་ནག་གིས་ཤུགས་རྐྱེན་འཇོག་ཐབས་བྱེད་བཞིན་པ་སོགས་ཀྱི་གསར་འགྱུར་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་བསྟན་འཛིན་བཟང་མོ་ལགས་ཀྱིས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ལ་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་རིམ་བསྐྱང་ཕྱོགས་ཐད་བཅར་འདྲི་བྱས་པ་དང་། ང་ལ་སྤྱི་འཐུས་ཀྱི་འོས་འཕེན་རོགས་ཞེས་པའི་ལེའུ་ལྔ་བའི་ནང་དབུས་གཙང་སྤྱི་འཐུས་ལ་ལངས་མཁན་ལྔ་དང་། ཡུ་རོབ་དང་མདོ་སྨད་ཀྱི་སྤྱི་འཐུས་ལ་ལངས་མཁན་རེ་ངོ་སྤྲོད་བྱས་ཡོད།

XS
SM
MD
LG