ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུན་གླེང་། ༢༠༢༠ ཟླ་༡༢ ཚེས་༢༣


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་ཀྱིས་༢༠༢༠ བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་གཞི་གཏན་འབེབ་གནང་བར་སྲིད་སྐྱོང་བློ་བཟང་སེངྒེས་གྲོས་ཚོགས་མདུན་དུ་གསར་སྤེལ་ཚོགས་འདུ་བསྐོང་བ་དང་། ཨ་རིའི་ནང་ཏོག་ནད་ངལ་སེལ་གྱི་ཁྲིམས་གཞི་གྲོས་ཚོགས་ཀྱིས་སྲིད་འཛིན་ལ་བཏང་བ། ཨ་རིའི་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་ལ་ཐོངས་མཆན་དོ་དམ་བྱ་རྒྱུ་དང་། དབྱིན་ཇིའི་ནང་གི་རྒྱུད་འགྱུར་བའི་ཏོག་ནད་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་མང་པོར་སེམས་ཁྲལ་བསླངས་པ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱུན་ལྡན་གྱི་རྣམ་པ་ཞིག་མངོན་བཞིན་པའི་གསར་འགྱུར་ཡོད། ཐེངས་འདིའི་ཀུན་གླེང་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེངྒེ་ལ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་༢༠༢༠་ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཞི་གཏན་འབེབས་བྱུང་བའི་གནད་འགག་དང་གྲུབ་འབྲས་སོགས་ཀྱི་ཐད་བགྲོ་གླེང་བྱས་པ་དང་། བསོད་ནམས་གཡང་འཛོམས་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་ལ་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་དྲིལ་བསྒྲགས་འགོག་ཐབས་ཀྱི་ལས་འགུལ་དང་གྲུབ་འབྲས་སོགས་ཀྱི་ཐད་བགྲོ་གླེང་བྱས་ཡོད།།

XS
SM
MD
LG