ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་གི་མཛད་རྣམ་བརྗོད་པའི་པར་རིས་དཔེ་དེབ་འགྲེམ་སྤེལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ཟླ་༡༡་པའི་ཚེས་༡༦་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རོ་ལི་དཔེ་སྐྲུན་ཁང་གིས་སྐུ་སྒེར་དྲུང་ཆེ་ཟུར་པ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ཀྱིས་ལྗགས་རྩོམ་གནང་བའི་༧གོང་ས་མཆོག་གི་པར་རིས་ཀྱི་མཛད་རྣམ་རྒྱལ་སྤྱིའི་ཐོག་འགྲེམ་སྤེལ་གནང་། པར་རིས་ཀྱི་མཛད་རྣམ་འདི་ནི་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེས་སྐུལ་ལྕག་གནང་སྟེ་བརྩམས།

དེ་རིང་ཕྱི་ཟླ་༡༡་པའི་ཚེས་༡༦་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རོ་ལི་དཔེ་སྐྲུན་ཁང་གིས་སྐུ་སྒེར་དྲུང་ཆེ་ཟུར་པ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ཀྱིས་ལྗགས་རྩོམ་གནང་བའི་༧གོང་ས་མཆོག་གི་པར་རིས་ཀྱི་མཛད་རྣམ་རྒྱལ་སྤྱིའི་ཐོག་ཏུ་འགྲེམ་སྤེལ་གནང་སོང་། ༧གོང་ས་མཆོག་གི་པར་རིས་ཀྱི་མཛད་རྣམ་ནི་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་གྱིས་རང་གི་བློས་ཐུབ་ཀྱི་གྲོགས་པོ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་ལ་སྐུལ་ལྕག་གནང་སྟེ་བརྩམས་པ་ཞིག་ཡིན་ཞིང་། བཀྲས་མཐོང་བསྟན་འཛིན་དགེ་བྱེད་ཀྱིས་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་ལོ་༤༠་ལྷག་ལ་༧གོང་ས་མཆོག་གི་དབྱིན་སྐད་གསུང་སྒྱུར་གྱི་སྲི་ཞུ་བསྒྲུབས།།
XS
SM
MD
LG