ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུན་གླེང་། ༢༠༢༠ ཟླ་༡༠ ཚེས་༡༦


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་སྲིད་སྐྱོང་བློ་བཟང་སེངྒེ་གཉིས་མཇལ་འཕྲད་གནང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་ལ་ལྷ་ས་རུ་བོད་གནས་ངོ་སྤྲོད་བྱས་པ། ༧གོང་ས་མཆོག་གིས་སོག་པོ་སློབ་གཉེར་བའི་དམ་བཅར་གསན་གཟིགས་གནང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་སོགས་རྒྱུན་ལས་ཆགས་པར་ཨ་རིས་སྐྱོན་བརྗོད་བྱས་པ་སོགས་ཀྱི་གསར་འགྱུར་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་མི་ཚོས་དྲ་ལམ་དུ་འོས་འཕངས་ནས་གངས་ཏི་སེར་སྒྱུ་རྩལ་གྱི་བྱེད་སྒོ་འཚོག་པར་ངོ་རྒོལ་བྱས་པ་དང་། ཏཱ་ལའི་བླ་མའི་འཛམ་གླིང་ཀུན་ཁྱབ་ཀྱི་ལྟ་གྲུབ་ཐད་བགྲོ་གླེང་། ལུང་ཚིག་བདུན་བརྒྱ་ལྷག་བོད་བསྒྱུར་བྱས་ནས་འགྲེམ་སྤེལ་བྱེད་མཁན་ལ་བཅར་འདྲི་ཞུས་པ་སོགས་ཡོད། དེ་རིང་གི་ཀུན་གླེང་དུ་ཨ་རིའི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱས་པའི་དགེ་མཚན་དང་གནས་སྟངས་སོགས་ཀྱི་ཐད་དང་། དེ་བཞིན་བོད་པའི་སྤྱི་ཚོགས་སུ་སེམས་ཁམས་ཀྱི་དཀའ་ངལ་དང་གདོང་ལེན་བྱེད་ཕྱོགས་ཐད་བགྲོ་གླེང་བྱས་ཡོད།།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG