ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུན་གླེང་། ༢༠༢༠ ཟླ་༩ ཚེས་༢༥


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་གྱི་གསར་འགྱུར་ལེ་ཚན་ནང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་དམིགས་བསལ་གསར་འགོད་གསལ་བསྒྲགས་སྤེལ་བ་དང་། ཁེ་ན་ཌའི་བོད་པ་འདུས་སྡོད་ཀྱི་མངའ་སྡེ་ཞིག་ཏུ་བོད་ཀྱི་རིག་གཞུང་ཟླ་བ་གཏན་འབེབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་སྟེང་སྲིད་འཛིན་ཊམ་གྱིས་གཏམ་བཤད་གནང་བ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་རིམས་ནད་ཀྱི་གནས་སྟངས་སོགས་ཡོད། དྲ་སྣང་གི་བོད་དུ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་སྐུ་བཤེགས་པར་མྱ་ངན་དང་། ཆུ་ལྷམ་ཆུང་ཆུང་ཞེས་པའི་གློག་བརྙན། རིག་རྩལ་འཁྲབ་སྟོན་གྱི་འགྲན་བསྡུར་སོགས་ཡོད། དེ་རིང་གི་ཀུན་གླེང་དུ་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ཏེ་ལོ་ངོ་ ༧༥ འཁོར་བ་དང་། ལོ་རབས་དྲུག་ཅུ་བའི་ནང་གི་བོད་དང་རྒྱལ་ཚོགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞུས་ཡོད།།

XS
SM
MD
LG