ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུན་གླེང་། ༢༠༢༠ ཟླ་༨ ཚེས་༡༤


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་དུ་འཛམ་གླིང་དཀྱིལ་ཤར་ས་ཁུལ་གྱི་ཞི་བདེའི་གྲོས་མཐུན་དང་། ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་འདེམས་སྒྲུག་བྱས་པ། ཧོང་ཀོང་གི་འཐབ་རྩོད། རྒྱ་གར་དུ་བོད་མི་ཞིག་གསང་མྱུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་ཡོད། དྲ་སྣང་གི་བོད་དུ་མདོ་སྨད་མཚོ་སྔོན་ཕྱོགས་སུ་རྡོ་སོལ་བསྔོག་འདོན་གྱི་གནས་ཚུལ་ལ་ཁྲིམས་ཆད་བཅད་པའི་ཐད་ཀྱི་བསམ་ཚུལ་དང་། རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་དྲ་རྩོམ། བུ་མོ་སྤུན་གཉིས་ཀྱི་རྡུང་ལེན་ཚབ་སྡེབ་སོགས་ཡོད། དེ་རིང་གི་ཀུན་གླེང་དུ་༢༠༢༡ ལོའི་སྲིད་སྐྱོང་དང་གྲོས་ཚོགས་འཐུས་མིའི་འོས་བསྡུ་དང་འབྲེལ་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ལ་མང་ཚོགས་ཀྱི་དོ་སྣང་དགོས་པ་གལ་ཆེན་ཁག་གི་ཐད་བགྲོ་གླེང་ཞུས་ཡོད།།

XS
SM
MD
LG