ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ཕྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༥ ཚེས་༡༧་ཉིན་བོད་གཞིས་བྱེས་གཉིས་ཀྱི་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས།བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་ཀྱི་མི་ཚེའི་ནང་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་ཆབ་སྲིད། བོད་རྒྱ་ཆེའི་མི་མང་གི་བདེ་སྡུག་ཐོག་ལ་བཙན་བྱོལ་བ་མ་ཆགས་བར་དུ་ངོས་བོད་ནང་བསྡད་དེ་ག་ཚོད་ཐུབ་ཐུབ་ཀྱིས་ཕན་ཐོགས་བྱས་ཡོད་ལ། ང་ཚོ་བཙན་བྱོལ་དུ་འབྱོར་ནས་ཀྱང་བོད་མི་ཚོར་སློབ་སྦྱོང་དང དཔལ་འབྱོར་གྱི་གནས་སྟངས་སོགས་བོད་མིའི་རྣམ་པ་མ་ཡལ་བའི་ཐོག་ནས་སྤྱི་ཚོགས་བསྐྲུན་ཐབས་བྱས་པ་རེད། འདས་པའི་མི་ལོ་དྲུག་བཅུའི་ནང་ང་ཚོ་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཆགས་ཡོད་ཅེས་བཀའ་སློབ་བསྩལ་གནང་ཡོད།

XS
SM
MD
LG