ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སྤྱི་འཐུས་གྲོས་ཚོགས་ཀྱིས་ཉིན་གཅིག་ལ་སྔོན་རྩིས་གཏན་འབེབས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་འཐུས་གྲོས་ཚོགས་ཀྱིས་ཉིན་གཅིག་ལ་སྔོན་རྩིས་གཏན་འབེབས། One-Day Session of Tibetan Parliament Passes the Budget ༄༅།། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་ཉིན་གཅིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་གཏོང་ལེན་གཏན་འབེབས་གནང་འདུག་ཅིང་། དེ་རིང་གི་ཀུན་གླེང་ལས་རིམ་ལ་སྤྱི་འཐུས་གྲོས་ཚོགས་ཀྱིས་སྔོན་རྩིས་གཏོང་ལེན་གྱི་ཁྲིམས་སྒྲིག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་གནས་སྟངས་སོགས་གླེང་མོལ་ཞུ་རྒྱུ་ཡིན།

༄༅།། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཕྱག་ལས་རྒྱུན་འཁྱོངས་ཡོང་རྒྱུ་དངརྒྱ་གར་གྱི་ཡུལ་ཁྲིམས་ལ་བསྟུན་དགོས་པ་བཅས་རྒྱུ་མཚན་ཆེན་པོ་གཉིས་ལ་བརྟེན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཉིན་གཅིག་ཁོ་ནར་ཚོགས་འདུག འདི་ནི་བཙན་བྱོལ་བོད་མིའི་དམངས་གཙོའི་ལོ་རྒྱུས་ནང་དུ་བྱུང་བ་ཐེངས་དང་པོ་ཡིན་པ་རེད།

གཟའ་ལྷག་པའི་ཉིན་གྱི་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཀུན་གླེང་ལས་རིམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་གདན་འདྲེན་ཞུས་ཏེ་བོད་མི་མང་སྤྱི་འཐུས་སྐབས་༡༦་པའི་ཚོགས་དུས་དགུ་སྔོན་གྱི་འཆར་གཞི་ལྟར་ཉིན་བཅུ་ལ་ཚོགས་མ་ཐུབ་པར་ཉིན་གཅིག་ལ་འོགས་ཏེསྤྱི་ལོ་༢༠༡༩་དང་༢༠༢༠ལོའི་སྔོན་རྩིས་གཏོང་ལེན་གྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་སྐོ་བགྲོ་གླེང་ཞུས་སོང་།

ུན་གླེང་གི་སྐུ་མགྲོན་སྤྱི་འཐུས་ཀརྨ་དགེ་ལེགས་ཀྱིས་འགྲེལ་བརྗོད་གནང་དོན་ལྟར་ནསྤྱིར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༤༠་འི་དགོངས་དོན་ལྟར་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་ཀྱི་ཐག་གཅོད་ལྟར་གྲོས་ཚོགས་ཚོགས་དུས་དགུ་པ་འདི་ཕྱི་ཟླ་་པའི་ཚེས༡༧ནས་ཚེས་༢༧་བར་དུ་འཚོགས་འཆར་གཏན་འབེབས་བྱུང་མོད འོན་ཀྱང་ྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་རིམ་བཞིན་འཛམ་གླིང་གི་ས་ཆ་གང་སར་ཁྱབ་བཞིན་པའི་༢༠༡༩ལོའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྟེན་གཞི་བྱ་ཡུལ་ཧི་མ་ཅཱལ་མངའ་སྡེའི་ཀཱང་ར་རྫོང་གིས་མི་ཚོགས་འདུ་འཛོམས་དང་ཚོགས་འདུ་སོགས་རེ་ཞིག་ཕྱིར་འཐེན་བྱ་དགོས་པའི་ཁྲིམས་ཡིག་༡༤༤་ཟེར་བའི་བཀའ་རྒྱ་བསྒྲགས་ཡོད་པས་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་སྲུང་དགོས་ཟེར་པའི་དཔེ་ལྟར་བོད་མི་མང་སྤྱི་འཐུས་ྷན་ཚོགས་ཀྱི་ཚོགས་དུས་དགུ་པའང་འཆར་གཞི་ལྟར་འཚོགས་ཐབས་མ་བྱུང་ཡང་ཉིན་གཅིག་ལ་མ་ཚོགས་ཐབས་མེད་བྱུང་སོང་། སྤྱི་ཟླ་༣་པའི་ཚེས་༣༡་གི་སྔོན་ལ་སྤྱི་ལོ་༢༠༡༩་དང་༢༠༢༠་ལོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྔོན་རྩིས་གཏན་འབེབས་དང་བཀའ་འཁྲོལ་མ་གནང་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་འགྲོ་གྲོན་ཆད་དེ་ཕྱག་ལས་རྒྱུན་ལྡན་ལྟར་གནང་མི་ཐུབ་པའི་འགོག་རྐྱེན་འཕྲད་རྒྱུ་རེད། སྤྱིར་སྔོན་རྩིས་གཏོང་ལེན་གྱི་དངུལ་འབོར་ཆེ་ཞིངལྷན་ཁང་ཁག་དང་དེ་དག་གི་སྡེ་ཚན་སོ་སོའི་ཁྱབ་ཁོངས་སུ་དངུལ་རྩིས་གཏོང་ལེན་ལ་དཔྱད་བསྡུར་དང་དོགས་སློང་། བཀའ་ཤག་དང་ཚོད་དཔག་ཚོགས་ཆུང་གི་ལན་འདེབས་གསལ་བཤད་གཙོས་གྲོས་ཚོགས་་བར་སྤྱི་འཐུས་རྣམ་པས་སྤྱི་ཡོངས་ཀྱི་བགྲོ་གླེང་ལྷུག་པོགནང་དགོས་ཀྱང་ཐེངས་འདིར་རྒྱུད་རིམ་དེ་དག་བྱུང་མེད་པ་རེད

ེངས་འདིའི་ཉིན་གཅིག་ལ་སྤྱི་འཐུས་ཚོགས་ཏེདངུལ་རྩིས་གཏོང་ལེན་གྱི་ཁྲིམས་ཡིག་གཏན་འབེབས་བྱས་པ་དེའི་ཐད་ལ་སྤྱི་འཐུས་ཁག་ཅིག་གིས་དགོངས་ཚུལ་གསུངས་འདུག དཔེར་ན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་གློ་ཚད་ནད་ཡམས་ལ་བརྟེན་ནས་ལུང་ར་ཛ་དྲག་བྱུང་བ་ལྟར་ཉིན་གཅིག་ལ་འཚོགས་དགོས་བྱུང་བ་དང་འཛིན་སྐྱོང་གི་ྱག་ལས་གནང་དགོས་དུས་དངུལ་འཛིན་གཏན་འབེབས་ཀྱི་བཀའ་འཁྲོལ་དེ་ཙམ་གྱི་ཆེད་དུ་འཛོམས་པ་ལས། དོགས་སློང་དང་ལས་འཆར་འོས་མིན་སོགས་བཀའ་མོལ་གནང་ས་ཁྱོན་ནས་མེད་པརང་གི་མར་ཀློག་པ་དང་ལུང་མར་གནང་བ་ལྟ་བུའི་ལུང་ཞུས་པ་འདྲ་བོ་རེདོན་གྱི་ཐོག་ལ་ཞིབ་ཕྲ་དགོས་གལ་ཡོད་མེད་དེར་བཀའ་སྡུར་གནང་ས་མི་འདུག་ཅེས་གསུང་འདུག ཡང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིསགཙོ་བོ་དེ་གཞུང་གི་འཛིན་སྐྱོང་ཁག་གི་ཕྱག་ལས་རྒྱུན་སྐྱོང་གནང་ཐུབ་དགོས། སྤྱི་འཐུས་རྣམས་ལ་དོགས་འདྲི་སོགས་ཡོད་རེད་དེ་ཉིན་གཅིག་ལ་དེ་དག་སེལ་ཁག་པོ་རེད། འདོད་བློ་ཁེངས་པ་ཞིག་ཡོང་ཁག་པོ་རེད་དེ་གནས་སྟངས་འདི་འདྲའི་སྐབས་སུ་ཐབས་ལམ་གཞན་མི་འདུག་ཅེས་གསུངས་འདུག

ེ་བཞིན་ཀུན་གླེང་གཙོ་སྐྱོང་བས་བགྲོ་གླེང་ལ་གདན་འདྲེན་ཞུས་པའི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་ཀརྨ་དགེ་ལེགས་ལགས་སུགཞུང་གི་སྔོན་རྩིས་འགྲོ་གྲོན་ལ་ཧིན་སྒོར་ས་ཡ་གཉིས་སྟོང་ལྷག་གི་བཀའ་འཁྲོལ་གནང་ཡོད་པའི་ལས་གཞི་རྒྱ་ཆེན་འདིར་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་ཐག་གཅོད་བྱུང་བ་ཡིན་དུས་ཁྲིམས་དང་མཐུན་པའམ། ཡང་ན་ཚད་ལྡན་པཞིག་བྱུང་ཡོད་མེད་དྲིས་པར་སྤྱི་འཐུས་རྣམ་པར་དགོངས་ཚུལ་གསུང་བའི་སྐུ་དབང་ཡོད་པ་རེད ཡིན་ན་ཡང་སྔོན་རྩིས་ཚོད་དཔག་ཚོགས་ཆུང་འདི་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་ཆུང་ཞིག་ཡིན། འདིས་ཉིན་དགུའི་རིང་ལ་ལྷན་ཁང་ཁག་གི་འཛིན་སྐྱོང་ཆ་ཚང་གི་རྩིས་ཁྲ་རེ་རེ་དང་རྒྱབ་ལྗོངས་ཡིག་ཆ་ཡོད་མེད། ཁྲིམས་དང་སྒྲིག་གཞི་ཏག་ཏག་བསྡད་ཡོད་མེད། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གྱི་ལམ་སྟོན་བཅས་པ་གཞི་ལ་བཞག་སྟེ་གང་ཡོང་བྱས་ཡོད། ཚོགས་གཙོའི་མཇུག་སྡོམ་གསུང་བཤད་ནང་དུ་ཡང་ཚོད་དཔག་ཚོགས་ཆུང་གི་ལས་དོན་ཞིབ་ཚགས་གནང་ཡོད་པར་བསྔགས་བརྗོད་གནང་བ་སོགས་ཀྱིས་གསལ་པོར་མཚོན་ཐུབ། གཞན་ཡང་གཏོང་ལེན་ཁྲིམས་ཡིག་ལ་སྤྱི་འཐུས་ནང་དུ་སྤྱི་མོས་བྱུང་དགོས་པ་རེད་དེ་སྤྱི་འཐུས་སྐབས་སྔོན་་ཁག་དང་ཚོགས་དུས་སྔོན་མ་ཁག་ཏུ་ཡང་སྤྱི་མོས་མ་བྱུང་བའི་དུས་སྐབས་ཡོད་མྱོང་བ་རེད། སྤྱི་འཐུས་སྒེར་སོ་སོར་དགོངས་ཚུལ་མ་འདྲ་བ་ཡོད་དུས་སྤྱི་མོས་མ་བྱུང་སྐབས་མང་མོས་ལྟར་ཐག་གཅོད་བྱ་རྒྱུ་དེ་ཁྲིམས་དང་སྒྲིག་གཞི་ལྟར་སོང་ཡོད་ཅེས་བརྗོད་འདུ

སྤྱི་འཐུས་ཀྱི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གིས་ལོ་རེའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་མ་དངུལ་གྱི་ཡོང་བབ་མར་ཆག་བཞིན་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ཐད་ལ་ཀུན་གླེང་གཙོ་སྐྱོང་བས་བཀའ་འདྲི་ཞུས་སྐབས། བཀའ་ཤག་གོང་མ་ཁག་གིས་གཏན་འཇགས་མ་དངུལ་གལ་ཆེན་དུ་རྩིས་ཏེ་བཙུགས་པ་ཞིག་ཡིན་པ་དང་འདས་པའི་ལོ་ཤས་ནང་དུ་གཏན་འཇགས་མ་དངུལ་གྱི་ཡོང་འབབ་ལོ་ལྟར་མར་ཆག་བཞིན་པ་གསལ་པོ་ཆགས་ཡོད། ཡིན་ན་ཡང་གཏན་འཇགས་མ་དངུལ་གྱི་ཡོང་འབབ་ནི་ཕྱི་རྒྱལ་གྱི་རོགས་སྐྱོར་ལག་དེབ་ལྗང་ཁུ་དང་གིལ་ཚོང་བ་ཚོའི་ཚོགས་དངུལ་ཞལ་འདེབས་བཅས་ཡིན་པ་ལས། ཕྱི་རྒྱལ་གྱི་རོགས་སྐྱོར་ཚོགས་པ་ཁག་གི་དངུལ་རྣམས་གཏན་འཇགས་མ་དངུལ་ཁོངས་སུ་ཚུད་ཀྱི་མེད། ལོ་རེར་འཛིན་སྐྱོང་ལ་འགྲོ་གྲོན་ལྷག་མ་ཞིག་ཡོད་ན་དེ་གཏན་འཇགས་མ་དངུལ་ཁོངས་སུ་སྤྲོད་མིན་ནི་བཀའ་ཤག་ལ་སྐུ་དབང་ཡོད་པ་རེད། གང་ལྟར་གཏན་འཇགས་མ་དངུལ་དེ་དཔྱ་ཁྲལ་ལྟར་མ་ཡིན་པར་ཞལ་འདེབས་ཁོ་ན་ཡིན་དུསའདི་ལ་དཔལ་འབྱོར་ལྷན་ཁང་གིས་ཞལ་འདེབས་བསྡུ་བའི་ལས་དོན་སོགས་ལ་ཤུགས་སྣོན་གནང་དགོས་པ་བཅས་ལན་འདེབས་གནང་སོང་།

མཐར་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་གནས་སྟངས་ལ་སྤྱི་ཡོངས་ཀྱི་ཆ་ནས་བསྐྱར་ཞིབ་གནང་མ་ཐུབ་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་སྟངས་ལ་བསྐྱར་ཞིབ་བྱ་རྒྱུར་ཕྱོགས་ཡོངས་ནས་ཆ་རྐྱེན་ལྡན་པས་བསྐྱར་ཞིབ་བྱ་རྒྱུ་གལ་ཆེན་དུ་གྱུར་ཡོད་པ་བཅས་ད་ལོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གིས་བློ་འདོན་གནང་ཡོད་པ་སོགས་ཀུན་གླེང་ནང་དུ་བགྲོ་གླེང་གནང་སོང་།

XS
SM
MD
LG